མཚོ་སྔོན་ཞིང་ཆེན་གྱི་སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྱོང་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས།

ཟླ9པའི་ཚེས11ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་དང་མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས“མཚོ་སྔོན་ཞིང་ཆེན་གྱི་སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྱོང་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཝང་ཡུང་ཁྲང་དང་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་ཏང་ཨུའི་ཨུ་ཡོན་ནམ་ཅུས་ཀྲང་གཞོན་པ་ཡུས་པིང་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་མཛད་སྒོ་གཙོ་སྐྱོང་གནང་།

图片

ཝང་ཡུང་ཁྲང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དངུལ་རྩའི་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་དེ། དངུལ་རྩས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་དང་། དངུལ་རྩའི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་ནོར་སྲིད་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལག་བསྟར་སྲིད་ཇུས་སོགས་སྲིད་ཇུས་དང་བྱེད་ཐབས་ཁག10ལྷག་ཙམ་སྔ་རྗེས་སུ་བཏོན་པ་དང་། གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཕན་མངོན་འགྱུར་བྱུང་སྟེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།  ད་ཐེངས་ཀྱི་སྒོ་བྱང་འགེལ་བ་འདི་གོ་སྐབས་སུ་བྱས་ཏེ།  ཕྱོགས་གཉིས་པོས་དུས་བཀག་འབྲེལ་གཏུག་དང་རྒྱུན་རྣམ་འབྲེལ་གཏུག་གི་ལས་དོན་མཐུན་སྦྱོར་ལམ་སྲོལ་གསར་པ་དང་། ལེགས་ཆ་གསབ་རེས། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་མཉམ་ལས་བྱེད་སྟངས་གསར་པ་བཏོད་དེ་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་ལེའུ་གསར་པ་ཞིག་རྩོམ་རྒྱུ་དང་དུས་མཚུངས་སུ་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་ཏང་གཤིས་སློབ་གསོ་དང་ལས་བྱེད་པ་གསོ་སྦྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

图片

ཡུས་པིང་གིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། མཚོ་སྔོན་གྱི་རྡུལ་ཕྲན་མཁར་དྲན་གསོ་ཁང་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལས་རིགས་ཀྱི་སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྱོང་གི་སློབ་གསོ་རྟེན་གཞི་གཏོད་རྒྱུ་ནི་ཞིང་ཆེན་དངུལ་ཁང་འགན་བཅོལ་སྒྲིག་གཞིས་གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་དང་དམར་མདོག་ཁྲག་རྒྱུན་རྒྱུན་མཐུད་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་དང་རླབས་ཆེན་གྱི་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བློ་རྩ་བརྟན་པོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།   རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་གསར་བརྗེའི་ཐོན་ཁུངས་ལ་གང་ལེགས་བརྟེན་ནས་སློབ་གསོའི་རྟེན་གཞི་དེ་ཏང་སྲོལ་སྲིད་གཙང་སློབ་གསོ་དང་གསར་བརྗེ་སློབ་གསོའི་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩིས་ནས་བརྟན་ཞིང་གོ་རིམ་ལྡན་པའི་སྤྱོད་གཙང་དངུལ་རྩའི་སྐྱེ་ཁམས་ཧུར་ཐག་བཏོད་དེ་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བའི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དངུལ་རྩས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་དང་སྒྲིག་ཁྲིམས་ཀྱི་འགན་ལེན་བྱས་ཏེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་ངེས།

图片

མཛད་སྒོའི་ཐོག ཝང་ཡུང་ཁྲང་དང་ཡུས་པིང་གིས“མཚོ་སྔོན་ཞིང་ཆེན་གྱི་སྤྱོད་གཙང་དངུལ་རྩའི་རིག་གནས་འཛུགས་སྐྱོང་སློབ་གསོ་རྟེན་གཞིའི”སྒོ་བྱང་མཉམ་དུ་བཀལ་བ།

图片

ཁུལ་གྱི་མགོ་ཁྲིད་སུའུ་བདུན་ཅུ་དང་།  ཁྲང་ལིན།  རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པའམ་སྒྲིག་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན་ལིའུ་ཡོན། བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྒྲིག་ཨུའི་ཧྲུའུ་ཅི་ཅ་ཝུའེ། ཞིང་ཆེན་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱི་ཆེད་བསྐོས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས་དབྱང་ཧྲེང་ཡུས།   མཚོ་སྔོན་ཞིང་ཆེན་དངུལ་ཁང་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཝུའེ་གོ་ཧྥན།   ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་དང་མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱི་སྡེ་ཚན་ཁག་དང་ཁུལ་དུ་བཅའ་སྡོད་བྱས་པའི་དངུལ་རྩའི་སྒྲིག་གཞི་ཁག་གི་འགན་བབ་བློ་མཐུན་བཅས་ཚོགས་འདུར་ཞུགས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号