དགུན་ཁའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་འབྲོང་ལུང་ཞང་དུ་བསྐྱོད་ཚེ། རི་རྒྱུད་མུ་རུ་འབྲེལ་བའི་མདོ་ལ་རིང་མོ་རབ་དཀར་ཁ་བས་གཡོགས་ཡོད་ལ། ས་མཐོའི་སྤང་ལྗོངས་དང་ན་སྤང་དུ་མངོན་པའི་ཁ་དོག་སེར་པོ་ནི་རབ་དཀར་ཁ་བའི་མདངས་དང་གཅིག་ལ་གཅིག་རྒྱན་དུ་གྱུར་ཏེ། སྔར་བས་ལྷིང་འཇགས་དང་ཞི་འཇམ་གྱི་ཉམས་ཤིག་མངོན་འདུག སྦྲེ་དང་དགོ་སྐྱ་སོགས་རི་སྐྱེས་སྲོག་ཆགས་ཀྱིས་ཁ་བའི་ཁྲོད་དུ་ཟས་འཚོལ་བ་དང་རྩེད་འཇོ་ལ་རོལ་བཞིན་ཡོད་ཅིང་། ནེའུ་ལེ་དང་ཁྲ་སོགས་ཀྱིས་ནམ་མཁའི་དབྱིངས་སུ་ལྡིང་སྐོར་བྱས་ཏེ། མདོ་ལ་རིང་མོའི་ས་མཐོའི་སྤང་ལྗོངས་ལ་གསོན་ཤུགས་དང་སྐྱེ་སྟོབས་བསྣན་ཡོད།
འབྲོང་ལུང་ཞང་དུ་རང་བྱུང་ཡུལ་ལྗོངས་སྣ་མང་ཡོད་ཅིང་། ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད། གནས་འདི་རུ་གསའ་དང་དྲེད་མོང་། འབྲོང་། རྐྱང་། གནའ་བ། དགོ་སྐྱ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་འཚོ་བཞིན་ཡོད་ལ། སྲོག་ཆགས་འདི་དག་འབྲོང་ལུང་ཞང་གི་རང་བྱུང་ཁོར་ཡུག་ལ་བརྟེན་ནས་རང་དབང་གིས་ནར་སོན་ཏེ། རང་བྱུང་ཁམས་ཆེན་མོའི་ཁྱད་མཚར་བའི་མཛེས་སྡུག་ངོམ་བཞིན་ཡོད། འབྲོང་ལུང་ཞང་ནི་མདོ་ལ་རིང་མོའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ག་ས་གང་དུ་ཚེ་སྲོག་གར་དུ་རྩེན་པའི་མཚར་སྡུག་གིས་ཁེངས་ཡོད།
ཉེ་བའི་ལོ་ནས་བཟུང་། མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ་ཡིས་རི་སྐྱེས་སྲོག་ཆགས་ལ་སྔར་བས་ཕན་པའི་འཚོ་གནས་ཁོར་ཡུག་ཅིག་བསྐྲུན་ཡོད།
རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏེ་ཁྲ།
ཁྲ་ཡི་འཕུར་སྟབས།
རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཏེ་སྦྲེ།
སྦྲེ།
རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཏེ་དགོ་སྐྱ།
རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཏེ་ནེའུ་ལེ།
ནེའུ་ལེ་ཡི་འཕུར་སྟབས།
ནེའུ་ལེ།
མདོ་ལ་རིང་མོའི་ཤྭ་ཁྲ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注