མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་གྲུབ་འབྲས་བཟང་བོ་བླངས།


     ཟླ1པོའི་ཚེས5ཉིན། གསར་འགོད་པས་དུས་རབས་གསར་བ་དང་མཚོ་སྔོན་གསར་བ། སྐྱོད་ལམ་གསར་བའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་མཚོ་བྱང་ཆེད་དོན་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ནས་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཆ་མ་ལག་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འབོད་སྐུལ་བསྒྲགས་པའི་ལོ་གཅིག་ནང་། རི་བོ་གཉིས་ཀྱི་འདུ་ཤེས་དང་ཆེས་ཆེ་བ་གསུམ་དང་མཚོ་བྱང་ལྔ་བཅས་མཚོ་བྱང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་རུ་ལག་བསྟར་ཟབ་མོ་བྱས་པ་དང་། དཔེ་སྟོན་དྲུག་གི་བློ་བཀོད་དེ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་སུ་བསྒྱུར་བཞིན་ཡོད།

     རང་བྱུང་སྲུང་སྐྱོབ་ས་ཆ་བཅུ་བདུན་བཙུགས་པ་དང་། དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བརྒྱད་དགུ་བརྒྱ་སླེབས་ལ། ཁུལ་ཡོངས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་ང་ལྔ་ཟིན་པ་དང་། སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་སྤྱི་ཡོངས་རང་བཞིན། བདེན་དངོས་རང་བཞིན་གྱི་སྲུང་སྐྱོབ་མངོན་འགྱུར་བྱས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱེད་ས་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་སྟོབས་ཤུགས་ཡོད་རྒུས་སྤེལ་བ་དང་། འོམ་ཆུ་བརླན་སའི་སྤྱི་གླིང་། བར་དམ་ཆུ་བོའི་བརླན་སའི་སྤྱི་གླིང་ཚོད་ལྟའི་ས་ཆ་བཅས་ཀྱི་བྱ་བར་རྒྱལ་ཁབ་ཀྱིས་ཞིབ་དཔྱད་བྱས་ནས་ཆོག་མཆན་ཐོབ་ལ། འཇུ་ལག་རྫོང་བསོད་སྐྱིད་ཐང་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་དང་གསེར་དངུལ་ཐང་གསར་བརྗེའི་རྩྭ་ཐང་རང་བྱུང་སྤྱི་གླིང་ཚོད་ལྟའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

     མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་བྱང་བྱ་བའི་མཐུན་སྦྱོར་གཞུང་སྒྲུབ་ཁང་གི་སྒོ་བྱང་བཀལ་བ་དང་། མདོ་ལ་དང་འཇུ་ལག་རྫོང་གཉིས་ཀྱི་ནགས་རྩྭ་ཅུས་སོ་སོར་འཛུགས་པ་མངོན་འགྱུར་བྱས་པར་མ་ཟད། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་འཇུ་ལག་གཉིས་ཀྱི་དོ་དམ་ཡན་ལག་ཅུའུ་དང་། དོ་དམ་སྲུང་སྐྱོབ་ལྟེ་གནས་བདུན་བཙུགས་ལ། དོ་དམ་སྲུང་སྐྱོབ་ས་ཚིགས་ཉེར་དགུ་བཙུགས། དེ་དང་མཉམ་དུ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་གོ་སྐབས་སུ་བརྩིས་ནས། མཚོ་སྔོན་པོའི་དོ་དམ་ཅུའུ་ཡི་རྐང་ཚ་དང་མདའ་བཞིའི་ཡན་ལག་ཅུའུ་སྒོ་བྱང་བཀལ་ནས་བཙུགས་པར་མ་ཟད། བྱེ་གླིང་དང་དཔལ་དགེ་རུ་སྒོ་བྱང་བཀལ་ནས་སྲུང་སྐྱོབ་ས་ཚིགས་གཉིས་བཙུགས། རྐང་ཚ་དང་མདའ་བཞི་རྫོང་གཉིས་སུ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུའུ་བཙུགས་ཏེ། མཚོ་སྔོན་པོའི་བྱང་ངོགས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་བསྟར་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།

     མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་དང་མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་གླིང་། རི་སྐྱེས་རི་དྭགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས། བརྒྱད་གཅིག་འཁྱག་ཀླུང་ཚན་རྩལ་ཁྱབ་གདལ་ཁང་། རང་བྱུང་སྐྱེ་ཁམས་སློབ་གྲྭ་བཅོ་བརྒྱད་བཅས་འཕྲོ་རིམ་འཕྲོར་མཚོ་བྱང་དུ་བཙུགས་ནས། ཞིང་ཆེན་ཕྱི་ནང་གི་སྐྱེ་ཁམས་ཡུལ་སྐོར་བ་ཁྲིད་ལྔ་ལྷག་སྣེ་ལེན་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་རིམ་པ་སོ་སོའི་སློབ་གྲྭ་སོ་སོའི་རང་བྱུང་སློབ་གསོའི་ཐད་ཀྱི་དགེ་སློབ་ཁྲི་གཅིག་དང་སྟོང་གཉིས་ལྷག་སྣེ་ལེན་བྱས་ལ། སྐྱེ་ཁམས་ཤན་ཤུགས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ས་ཚིགས་བཅོ་བརྒྱད་དང་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་བྱ་བའི་འབྲེལ་འདྲིས་ས་ཚིགས་བདུན་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དཀྱིལ་སྙིང་ཁུལ་དང་མུ་རིའི་ཆུ་བཞུར་རྒྱུད་དུ་སྔ་གཞུག་ཏུ་བཙུགས། དུས་ཐོག་ཏུ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ལེགས་བསྒྱུར་དང་ལེགས་སྒྲིག་བྱས་པ་དང་། མཚོ་སྔོན་པོའི་བྱང་ངོགས་ཀྱི་ཆོག་འཐུས་གཉེར་སྐྱོང་ས་ཚིགས་དྲུག་འཛུགས་སྐྲུན་བྱེད་མགོ་བརྩམས་ལ། 2023ལོར་བསྡོམས་པས་ཡུལ་སྐོར་པ་འབུམ་གཉིས་དང་ཁྲི་དགུ་སྟོང་ལྔ་སྣེ་ལེན་བྱས་ནས། ཡོང་སྒོ་སྒོར་ས་ཡ་བཞི་ལྷག་ལེན་པ་མངོན་འགྱུར་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号