ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐྱེ་ཁམས་ཁོར་ཡུག་ཐད་ནས་མང་ཚོགས་ཀྱིས་ཡིག་སྐུར་ངོ་བཅར་དང་ཐེར་འདོན་ཞུ་གཏུག་བྱས་པའི་སྐོར་ཐེངས་ཉེར་བདུན་པའི་གནད་དོན49སྤྲད་དེ་སྒྲུབ་ཏུ་བཅུག


ཟླ12པའི་ཚེས19ཉིན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐྱེ་ཁམས་ཁོར་ཡུག་ཐད་ནས་མང་ཚོགས་ཀྱིས་ཡིག་སྐུར་ངོ་བཅར་དང་ཐེར་འདོན་ཞུ་གཏུག་བྱས་པའི་སྐོར་ཐེངས་ཉེར་བདུན་པའི་གནད་དོན49སྤྲད་དེ་སྒྲུབ་ཏུ་བཅུག་ཅིང་། (ཁ་པར་གྱི་ལམ་ནས་ཐེར་འདོན་ཞུ་གཏུག་བྱས་པའི་གནད་དོན43དང་འཕྲིན་ཡིག་སྐུར་ནས་ཐེར་འདོན་ཞུ་གཏུག་བྱས་པའི་གནད་དོན6ཡོད)དེའི་ཁྲོད་སྒྲུབ་རྒྱུར་སྤྲད་པའི་གཙོ་གནད་དོ་ཁུར་བྱེད་པའི་གནད་དོན3ཡོད། སྒྲུབ་རྒྱུར་སྤྲད་པའི་ཡིག་སྐུར་ངོ་བཅར་དང་ཐེར་འདོན་ཞུ་གཏུག་བྱས་པའི་གནད་དོན49དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ7ལ་འབྲེལ་བ་ཡོད་པ་ལས། ཟི་ལིང་གྲོང་ཁྱེར་ལ33དང་། མཚོ་ཤར་གྲོང་ཁྱེར་ལ7། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ1། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ3། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ2། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ1། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ2བཅས་ཡོད། མང་ཚོགས་ཀྱིས་ཐེར་འདོན་ཞུ་གཏུག་བྱས་པའི་གནད་དོན་དེ་དག་འཛེར་སྒྲའི་སྦགས་བཙོག11དང་། སྐྱེ་ཁམས་གཏོར་བརླག13། རླུང་ཁམས་ཆེན་པོའི་སྦགས་བཙོག12།  ཆུའི་སྦགས་བཙོག4། ས་རྒྱུའི་སྦགས་བཙོག7། སྦགས་བཙོག་གཞན་དག2བཅས་དང་འབྲེལ་བ་ཡོད། 

མིག་སྔའི་བར། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་དེ་སྒྲུབ་ཏུ་བཅུག་པའི་སྐྱེ་ཁམས་ཁོར་ཡུག་ཐད་ནས་མང་ཚོགས་ཀྱིས་ཡིག་སྐུར་ངོ་བཅར་དང་ཐེར་འདོན་ཞུ་གཏུག་བྱས་པའི་སྐོར་ཐེངས་ཉེར་བདུན་པའི་གནད་དོན་དེ་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་བརྒྱུད་སྤྲོད་བྱས་ཟིན་པ་དང་། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་གོ་རིམ་ལྟར་དུས་ཚོད་དམ་འཛིན་གྱིས་སྒྲུབ་བཞིན་པའི་སྒང་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号