ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་ཀྱིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

ཟླ4ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྟོག་ཞིབ་བཞུགས་མོལ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྨ་ལྷོ་ཡི་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། ཕྱོགས་གཅིག་ནས་བརྟན་འཇགས་དམ་འཛིན་དང་ཕྱོགས་གཅིག་ནས་འཕེལ་རྒྱས་ནན་འཛིན་བྱེད་དགོས་ཤིང་། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་སྤུས་འདེགས་ནུས་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་ཐུན་རིན་ས་ཚིགས་འཛུགས་སྐྲུན་ཡུལ་དངོས་སུ་སོང་སྟེ། མཚོ་སྔོན་ལམ་དུམ་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་། སྐྱེ་ཁམས་ཁོར་སྲུང་གི་འགག་སྒོ་དམ་སྲུང་བྱས་ཏེ། ཆ་སྡེབ་འཛུགས་སྐྲུན་དང་ཡུལ་སྐོར་འཆར་འགོད་བྱ་བ་ལེགས་པོར་བསྒྲུབས་ནས། ལྷོ་ནུབ་དང་ཧྭ་ནན་ས་ཆར་འབྲེལ་བའི་ལྕགས་ལམ་བགྲོད་ལམ་གལ་ཆེན་འདི་སྔ་མོ་ནས་སྦྲེལ་ཐུབ་པར་བྱེད་དགོས་ཞེས་ནན་བཤད་བྱས། རོང་བོ་དགོན་ཆེན་དང་རེབ་གོང་སྒྱུ་རྩལ་གླིང་དུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་ཀྱིས་དགོན་པའི་དོ་དམ་དང་། རེབ་གོང་རིག་གནས་རྒྱུན་འཛིན་གསར་སྤེལ་གྱི་གནས་ཚུལ་ལ་ཞིབ་ལྟ་དང་རྒྱུས་ལོན་བྱས་ཤིང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས། རྨ་ལྷོ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭ་རུ། ཝུའུ་ཞའོ་ཅུན་དང་། ལའོ་ཏུང་ཁྲོན་གཉིས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་འདྲི་རྟོགས་ཞིབ་མོ་བྱས་ལ། སློབ་སྦྱོང་སློབ་གསོར་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། སློབ་སྦྱོང་སློབ་གསོ་ལས་ཐོན་པའི་ངར་ཤུགས་ཆེན་པོ་དེ་ལས་སྒྲུབ་ལས་གཏོད་ཀྱི་བློ་སྤོབས་སུ་འགྱུར་བར་བྱེད་དགོས། ལམ་བར་དུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་ཀྱིས་ཡུལ་དངོས་སུ་གྲོང་གསེབ་བགྲོད་ལམ་ཉམས་གསོ་སྲུང་སྐྱོང་གི་གནས་ཚུལ་ལ་ཞིབ་ལྟ་བྱས་པར་མ་ཟད། བཟང་བཞིའི་གྲོང་གསེབ་ལམ་འཛུགས་སྐྲུན་བྱ་བར་མུ་མཐུད་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་འགྲོ་བསྐྱོད་དགོས་མཁོ་སྔར་ལས་བསྐང་ཐུབ་པར་བྱ་དགོས་ཞེས་ནན་བཤད་བྱས།

བཞུགས་མོལ་ཚོགས་ཐོག་ཏུ། ཝུའུ་ཞའོ་ཅུན་དང་། ལའོ་ཏུང་ཁྲོན་གཉིས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་གཅིག་གི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཝུའུ་ཞའོ་ཅུན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་དང་། བསྐྱོད་ལམ་གསར་བར་འབད་པས་བསྐྱོད་པར་དམིགས་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་སྤུས་འདེགས་ནུས་སྤེལ་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དམ་འཛིན་བཟང་བོ་དང་། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱ་བའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། རི་བོ་གཉིས་བགྲོད་ལམ་དུ་བསྒྱུར་བར་འཚོལ་ཞིབ་ཧུར་ཐག་བྱེད་པ། སྐྱེ་ཁམས་རྣམ་པ་ལེགས་པོས་དམངས་ཚིས་ལ་ཕན་ཁེ་བསྐྲུན་པ་དང་། མང་ཚོགས་སྔར་ལས་མང་བོའི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་སྤུས་འདེགས་ནུས་སྤེལ་བྱས་ཏེ། དོན་དངོས་ལ་རྐང་འཛུགས་པ་དང་དགེ་སྤེལ་སྐྱོན་སྤངས་བྱེད་པ། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཁྱད་ལྡན་སྤུས་ལེགས་གཉེར་བ།  རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྐུལ་འདེད་དང་དེར་གཞན་དང་མི་མཐུན་པའི་ཁྱད་ཆོས་བསྐྲུན་པ། གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས། རྨ་ལྷོ་ཡི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། སྤྱི་ཡོངས་དང་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་ཐད་ནས་སྤུས་འདེགས་ནུས་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོར་འཛིན་པ་དང་། ཁྲིམས་སྐྱོང་རྨ་ལྷོ་དང་བདེ་འཇགས་རྨ་ལྷོ་འཛུགས་སྐྲུན་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྲུབ་འབྲས་རྒྱ་བསྐྱེད་དགོས། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་ནས་སྤུས་འདེགས་ནུས་སྤེལ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ། གྲོང་གསེབ་མཉམ་འདྲེས་རྣམ་པ་ལེགས་སྒྱུར་བྱེད་པ། ཁ་གཏད་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱས་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་ཐད་ནས་སྤུས་འདེགས་ནུས་སྤེལ་བྱས་ཏེ། ཉམ་ཞན་དང་ཐར་ཐོར་རྣམ་པའི་སྡེ་བ་རིམ་པའི་ཏང་རྩ་འཛུགས་བཅོས་སྐྱོང་ནུས་ཚད་ཆེ་རུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་སྡུས་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། རྨ་ལྷོའི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ཆེད་དུ་ཆབ་སྲིད་ཀྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ལའོ་ཏུང་ཁྲོན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཕེལ་རྒྱས་གནས་བབ་ལེགས་ཤིང་། སྦས་ཤུགས་ཆེ་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། སྒྲུབ་དགོས་པ་དང་སྒྲུབ་མི་ཉན་པའི་ལས་དོན་རྒྱུན་འཁྱོངས་བྱེད་པ་དང་། ལྗང་མདོག་གི་རྨང་གཞི་བརྟན་པོར་འདིང་བ། ནང་མཁོའི་སྒུལ་ནུས་ཇེ་དྲག་ཏུ་གཏོང་བ། ཐོན་ལས་འདེགས་སྐྱོར་ཤུགས་དྲག་ཏུ་གཏོང་བ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རང་བྱུང་སྤྱི་གླིང་སྲུང་སྐྱོབ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ། དགེ་མཚན་ཁྱད་འཕགས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ། ཤུགས་ཆེན་པོས་འཛད་སྤྱོད་ཡར་སྐུལ་དང་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པ། ཚོང་འགུག་དངུལ་འདྲེན་དམ་འཛིན་བཟང་བོ་དང་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་ལེགས་པོ་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་པ་དང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་བ་མུ་མཐུད་དུ་སྤེལ་བ་བཅས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཞེས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་། པད་ཁོ་གཉིས་འབྲེལ་ཡོད་བྱེད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号