ལིས་ཧུང་ཀྲུང་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སློབ་སྦྱོང་འཛིན་གྲྭར་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་ཚེས1ཉིན་པེ་ཅིང་དུ2025ལོའི་སྐབས་དང་པོའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སློབ་སྦྱོང་འཛིན་གྲྭའི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཆེད་དོན་སྙན་ཞུ་ཕུལ། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཟུང་འབྲེལ་གཉིས་ཀྱི་ཁྲོད་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཆབ་སྲིད་ཀྱི་ལམ་ལུགས་གསར་བ་ཡིན་པ་ཤེས་རྟོགས་ཟབ་མོ་བྱེད་ལ། ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དྲུག་གི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། ལངས་ཕྱོགས་དང་ལྟ་ཚུལ་བྱེད་ཐབས་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། འཁོར་རྒྱུག་ཡག་པོ་བྱེད་པ་བཅས་དམ་འཛིན་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་བརྟན་ཅིང་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱེད་དགོས།
ལིས་ཧུང་ཀྲུང་གིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མིའི་བྱ་བར་བཏོན་པའི་འདུ་ཤེས་གསར་བ་དང་བླང་བྱ་གསར་བར་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ནན་མོ་བྱེད་ལ། རང་རྟོགས་སྒོས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཅིང་། ལས་སྒྲུབ་འགན་འཁུར་དང་ཁག་ཁུར་འགན་སྒྲུབ་བྱས་ནས། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་ཀྱི་ཆེས་མཐོའི་ཆབ་སྲིད་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་ལ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རང་རྟོན་ཇེ་དྲག་ཏུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས་དམངས་ཆེན་འགན་ནུས་འདོན་སྤེལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལིས་ཧུང་ཀྲུང་གིས་ནན་གྱིས་བསྟན་དོན། བཟོ་བཅོས་བྱས་རྗེས་ཀྱི་འཐུས་མིའི་བཅའ་ཁྲིམས་ཀྱིས་རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་ལས་སྒྲུབ་འགན་ཁུར་དང་ནུས་པ་འདོན་པར་ཁྲིམས་ལུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། དམངས་ཆེན་འཐུས་མིས་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་བླང་བྱ་དེ་གོ་གནས་གཙོ་བོར་འཇོག་པ་དང་། ནུས་ཤུགས་ཡོད་རྒུས་ཁྲིམས་ལྟར་འགན་སྒྲུབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མི་དམངས་མང་ཚོགས་དང་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་དགོས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་འགན་འཁུར་བློ་མཐུན་གཙོ་བོས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས། འདེམས་བསྐོའི་ལས་ཁུངས་སོ་གསུམ་ནས་ཡོང་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཉིས་བརྒྱ་དང་བཅོ་ལྔ་སློབ་སྦྱོང་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注