རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་གཉེར་ཁེ་ལས“གསར་གཉིས”ནང་ཞུགས་པའི་སྲིད་ཇུས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་རྒྱུ་རེད།

གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲུབས་པའི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་ལས་རྒྱུས་ལོན་པ་ལྟར་ན།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་གཉེར་ཁེ་ལས་གཞི་ཁྱོན་ཆེན་པོའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་པར་བརྗེ་བའི་ཁྲོད་ཟབ་ཞུགས་བྱས་ནས་སྲིད་ཇུས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། 2025ལོའི་དམིགས་བསལ་རྒྱལ་བུན་གྱིས་སྒྲིག་ཆས་གསར་བརྗེའི་དངུལ་གཏོང་ལ་རྒྱབ་སྐྱོར་བྱེད་པའི་ཁ་གསབ་མ་དངུལ་མགྱོགས་མྱུར་སྒོས་གཏོང་རྒྱུ་ཡིན་ལ། དུས་མཚུངས་སུ་ལས་གཞིའི་ལྟ་སྐུལ་དོ་དམ་ཡག་པོ་བྱས་ཏེ། བྱ་བའི་རྣམ་པ་བཟང་པོ་ཆགས་སུ་འཇུག་རྒྱུ་རེད།

“གསར་གཉིས”སྲིད་ཇུས་ལག་བསྟར་བྱས་པའི་ཚུན་ལ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། བཟོ་ལས་དང་ཕྱིར་བསྡུ་རེས་འཁོར་བེད་སྤྱོད་ཀྱི་མངའ་ཁོངས་ནང་། དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཡུན་རིང་དམིགས་བསལ་ཀྱི་རྒྱལ་བུན་མ་དངུལ་གཞི་ཁྱོན་གྱིས་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན་ཡོད་པ་དང་། འབྲེལ་ཡོད་མངའ་ཁོངས་ཀྱི་དམངས་ཁྲོད་ལས་གཞིའི་དངུལ་གཏོང་བརྟན་པོའི་ངང་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། གོ་རིམ་རྗེས་མར། དམངས་གཉེར་ཁེ་ལས་ཀྱི་སྒྲིག་ཆས་གསར་བརྗེའི་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། དངུལ་བུན་བསྐྱི་བའི་སྐྱེད་ཀའི་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་དང་ལག་རྩལ་བསྒྱུར་བཀོད་ཀྱིས་ཡང་བསྐྱར་དངུལ་བུན་བསྐྱི་བའི་རྨང་གཞིའི་སྟེང་། སྒྲིག་ཆས་གསར་བརྗེའི་དངུལ་བུན་བསྐྱི་བའི་སྐྱེད་ཀ་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་ཞིབ་འཇུག་གཏན་འབེབས་བྱས་ནས། གཉེར་སྐྱོང་བྱེད་པོའི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་སྔར་ལས་ཇེ་དམའ་རུ་གཏོང་རྒྱུ་རེད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སི་ཡི་སི་ཀྲང་གཞོན་པ་ཝུན་ཧྭ་ཡིས་བཤད་རྒྱུར། དམངས་གཉེར་ཁེ་ལས་འཛད་སྤྱོད་དངོས་རྫས་རྙིང་པ་གསར་པར་བརྗེ་བའི་ཁྲོམ་རའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་ནས་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།      འབྲེལ་ཡོད་སྡེ་ཁག་གིས་ལྟ་སྟངས་གཅིག་མཚུངས་འཛིན་པའི་རྩ་དོན་གཞི་འཛིན་པར་སྐུལ་འདེད་ཧུར་ཐག་བཏང་ནས། འཛད་སྤྱོད་དངོས་རྫས་རྙིང་པ་གསར་པར་བརྗེ་བའི་ཁྲོད་ཟབ་ཞུགས་བྱེད་མཁན་གྱི་ཁྲོམ་རར་འཇུག་འཐུས་ཀྱི་བཀག་རྒྱ་གཏོར་ནས། ཞིབ་བཤེར་གྱི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་། མ་དངུལ་ཞིབ་བཤེར་བྱས་ཏེ་སྟེར་བའི་བྱ་བ་ཇེ་མགྱོགས་སུ་བཏང་སྟེ། དམངས་གཉེར་ཁེ་ལས་ལ་སྲིད་ཇུས་ཀྱི་ཁེ་བཟང་ལོངས་སྤྱོད་སྔར་ལས་ལེགས་པོ་བྱེད་དུ་འཇུག་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号