ཧན་ཀྲིན་གྱིས་དབྱི་ཐ་ལིའི་གྲོས་ཁང་གོང་མའི་གྲོས་དཔོན་ལྭ་ལུའུ་ས་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས25ཉིན་པེ་ཅིན་དུ་དབྱི་ཐ་ལིའི་གྲོས་ཁང་གོང་མའི་གྲོས་དཔོན་ལྭ་ལུའུ་ས་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་དབྱི་ཐ་ལི་ཕྱོགས་ཀྱི་མགོ་ཁྲིད་པ་དང་བདེ་བླག་ངང་ཐུག་འཕྲད་བྱས་ཏེ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་འཕེལ་རྒྱས་འབྱུང་བར་ཁ་ཕྱོགས་གསལ་བོ་བསྟན། ད་ལོ་ནི་རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར55ལོན་པའི་ལོ་ཡིན་པས། ཀྲུང་གོའི་ཕྱོགས་གྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་འཐབ་ཇུས་དང་ཕུགས་ཕན་ལ་དམིགས་ནས། སྔར་ལས་འཐུས་ཚང་དང་བརྟན་བརླིང་ཡིན་པ་དང་སྒོ་འབྱེད་གཉིས་ཕན་གྱི་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་དང་དབྱི་ཐ་ལིའི་མཉམ་ལས་ཀྱི་ཕན་ཚུན་གསབ་རེས་རང་བཞིན་དང་ཕན་ཚུན་ཁེ་སྤོགས་རང་བཞིན་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་རེད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་བཏང་བ་ལས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་དང་བརྟན་བརླིང་རང་བཞིན་བསྣན་ཡོད། ཀྲུང་གོའི་ཕྱོགས་གྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་། ཡུལ་སྐོར། རིག་གནས། སློབ་གསོ། ལུས་རྩལ་སོགས་མངའ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དངོས་ཡོད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།

ལྭ་ལུའུ་ས་ཡིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་བརྒྱུད། ཀྲུང་གོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གྲུབ་འབྲས་ཚོར་ཐུབ་པ་དང་། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ལ་ཤུགས་བསྣན་ནས། དབྱི་ཐ་ལི་དང་ཀྲུང་གོའི་གནའ་བོའི་ཤེས་རིག་ཆེན་པོ་གཉིས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་འཇོག་འདོད་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号