ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་བསྡུས།
ཟླ3ཚེས14ཉིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་བསྡུས། ཚོགས་འདུའི་སྟེང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ན་ནིང་གི་བྱ་བར་སྤྱི་སྡོམ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད་ད་ལོའི་ལས་འགན་བཀོད་སྒྲིག་བྱས།
ཚོགས་འདུ་ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། “45889”འཕེལ་རྒྱས་ཀྱི་རྣམ་པ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ནུས་པ་འདོན་པའི་ཁྲིད་སྟོན་འབུར་དུ་ཐོན་པར་བྱེད་པ། རྩ་འཛུགས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ“བདེ་ཐང་གཉིས”ཀྱི་བྱ་བ་སོ་སོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་འབད་བརྩོན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་བ་དང་འཕེལ་རྒྱས་ལ་སྐུལ་བ། མཐུན་སྒྲིལ་ལ་སྐུལ་བའི་ཚོང་འགུག་དངུལ་འདྲེན་ཚོགས་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། གཙོ་ལས་སྤུས་དག་ངང་བསྒྲུབ་པ་དང་དངོས་ལས་སྟོབས་ལྡན་དུ་གཏོང་བ། ཁེ་ལས་ལེགས་པོར་བསྒྲུབ་ནས་སྤྱི་ཚོགས་ལ་དྲིན་ལན་འཇོག་པའི་ཁྲོད་མཐོ་རླབས་གསར་པར་བསྙེགས་པ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་འགན་འཁྲི་ཆེན་པོ་ཁུར་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ཚོགས་རྩ་འཛུགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “གཏན་ཕབ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ། ལངས་གནས་སྔར་ལས་མཐོན་པོར་བརྟེན་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། བློ་ཁོག་སྔར་ལས་ཆེན་པོའི་སྒོ་ནས་དཔལ་འབྱོར་ཞབས་ཞུ་དང་ཚོང་འགུག་དངུལ་འདྲེན་རྒྱ་ཆེར་གཏོང་བ། ཤུགས་ཚད་སྔར་ལས་ཆེ་བའི་སྒོ་ནས་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ནུས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།
ཚོགས་འདུའི་སྟེང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་སྡོད་པའི་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་སྲིད་གཙང་གླེང་མོལ་བྱས། ཚོགས་འདུ་ལས་ད་དུང་འབྲེལ་ཡོད་མི་དོན་བྱ་བར་གྲོས་འཆམ་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注