བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

ཟླ3པའི་ཚེས16ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་དྲུག་པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། ཁ་ཡིག་ལ་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས་རྒྱུན་འཁྱོངས་དང་ལག་བསྟར་བྱེད་དགོས་ཞེས་པ་སྤེལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2013ལོའི11པ་ནས2025ལོའི་ཟླ2པའི་བར་དུ་མཛད་པའི་འབྲེལ་ཡོད་རྒྱས་བཤད་ཁག་བདམས་བཀོད་བྱས་པ་རེད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ང་ཚོ་ཏང་གིས་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པའི་ལྟ་བ་གསལ་ཞིང་བརྟན་པོ་ཡིན་པ་མ་ཟད། མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་ལ་གཡོ་འགུལ་སྤུ་ཙམ་ཡང་མེད། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དེ་རྩ་ཁྲིམས་དང་ཏང་གི་སྒྲིག་ཡིག་ཁྲོད་ཚུད་ཡོད། དེ་ནི་འགྱུར་མི་སྲིད་ལ་འགྱུར་ཡང་མི་རུང་། ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བརྟན་འཇགས་དང་འཕེལ་རྒྱས་སུ་གཏོང་པར་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར། ཏང་དང་རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་སྣ་སོ་སོའི་དཔལ་འབྱོར་གྱིས་ཁྲིམས་ལྟར་ཐོན་སྐྱེད་རྒྱུ་ཆ་བཀོལ་སྤྱོད་དང་། དྲང་བདེན་གྱིས་ཁྲོམ་རའི་འགྲན་རྩོད་ཁྲོད་ཞུགས་པར་ཚང་མར་འདྲ་མཉམ་གྱི་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱས་ནས། དབང་བའི་ལམ་ལུགས་རིགས་སྣ་སོ་སོའི་དཔལ་འབྱོར་གྱིས་ཕན་ཚུན་ལེགས་ཆ་གསབ་རེས་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བདེ་ཐང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གཉེར་མཁན་གྱི་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་དུས་ཡུན་རིང་བོའི་རྒྱལ་ཁབ་འཕེལ་རྒྱས་བརྒྱུད་རིམ་ཁྲོད་གྲུབ་པ་དང་། རྒྱལ་ཁབ་འཛུགས་སྐྲུན་དང་རྒྱལ་སྲུང་བདེ་འཇགས། མི་དམངས་ཀྱི་འཚོ་བ་ལེགས་སྒྱུར་བཅས་ཀྱི་ཐད་བྱས་རྗེས་འབུར་ཐོན་བཞག་ཡོད་པས། མི་དམངས་ཡོངས་ཀྱི་རྩ་ཆེ་བའི་རྒྱུ་ནོར་ཡིན། རྒྱལ་གཉེར་ཁེ་ལས་ཀྱིས་རང་རྒྱལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། ཚན་རྩལ་ཡར་ཐོན། རྒྱལ་སྲུང་འཛུགས་སྐྲུན། དམངས་ཚིས་ལེགས་སྒྱུར་བཅས་ཀྱི་ཐད་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་ཡོད་པས། ང་ཚོ་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་འདེགས་སྐྱོར་གལ་ཆེན་དང་སྟོབས་ཤུགས་བཀན་མོ་དེ་ཡིན། རྒྱལ་གཉེར་ཁེ་ལས་ཀྱི་འཛུགས་སྐྲུན་ལེགས་པོ་དང་བཟོ་བའི་གྲལ་རིམ་གྱི་ནུས་པ་འདོན་སྤེལ་བྱས་པ་བཟང་ན། ཏང་གི་སྲིད་སྐྱོང་གོ་གནས་བརྟན་འཇགས་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཇེ་བརྟན་དུ་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

རྩོམ་ཡིག་ལས་བསྟན་དོན། རང་རྒྱལ་གྱི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་ཆུང་བ་ནས་ཆེ་བ་དང་། གཉོམ་ཞན་ནས་སྟོབས་ལྡན་དུ་གྱུར་ནས། ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་ཀྱི་སྣེ་ཁྲིད་འོག་མངོན་འགྱུར་བྱུང་པ་རེད། དུས་ཡུན་རིང་བོར། རང་རྒྱལ་གྱི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་མགྱོགས་མྱུར་འཕེལ་རྒྱས་བྱུང་ནས། བརྟན་འཇགས་ཁྲོད་འཕར་སྣོན་དང་གསར་སྐྲུན་ལ་སྐུལ་འདེད། ལས་ཞུགས་ཇེ་མང་། དམངས་ཚིས་ལེགས་སྒྱུར་བཅས་ཕྱོགས་སུ་ནུས་པ་གལ་ཆེན་ཐོན་ཡོད། དམངས་གཉེར་དཔལ་འབྱོར་གྱིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ཁྲོད་ཀྱི་གོ་གནས་དང་བྱེད་ནུས་ཀྱི་ངོས་འཛིན། དེ་མིན་ཏང་དང་རྒྱལ་ཁབ་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་བཏོན་པའི་བྱེད་ཕྱོགས་སྲིད་ཇུས་བཅས་ནི། ང་ཚོ་ཏང་གི་གཞུང་ལུགས་དང་ལག་ལེན་འབྲེལ་ཐག་གཅིག་ལ་བརྒྱུས་ནས་གྲུབ་པ་ཡིན་ལ། དེ་ནི་དུས་བསྟུན་གོང་འཕེལ་བྱེད་བཞིན་ཡོད། ཏང་དང་རྒྱལ་ཁབ་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་བཏོན་པའི་གཞི་རྩའི་བྱེད་ཕྱོགས་སྲིད་ཇུས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མ་ལག་ཁྲོད་ཚུད་ཡོད་ལ། འབྱུང་འགྱུར་མུ་མཐུད་དུ་རྒྱུན་འཁྱོངས་དང་ལག་བསྟར་བྱེད་པ་འགྱུར་མི་སྲིད་ལ་འགྱུར་ཡང་མི་རུང་། ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་ནི་རང་གི་ཁྱིམ་མི་རུ་བརྩིས་ཡོད། དམངས་གཉེར་ཁེ་ལས་དཀའ་ཁག་ལ་འཕྲད་དུས་རོགས་རམ་བྱེད་བཞིན་ཡོད་ལ། དམངས་གཉེར་ཁེ་ལས་པ་དཀའ་ཁག་ལ་འཕྲད་དུས་མཛུབ་སྟོན་བྱེད་ཀྱིན་ཡོད་པས། དུས་རབས་གསར་བའི་རྒྱང་བསྐྱོད་ཀྱི་ལམ་ཆེན་སྟེང་དུ། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་མདུན་ལྗོངས་ཡངས་ལ། བྱ་བ་སྒྲུབ་པའི་ལམ་བུ་ཡངས་ཤིང་རིན་ཐང་ཆེན་པོ་ལྡན་པས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་དག་གིས་ལས་དོན་ལ་རེམ་པའི་གོ་སྐབས་ལེགས་ཤོས་དེ་ཡིན།

རྩོམ་ཡིག་ལས་བསྟན་དོན། ང་ཚོས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བརྟན་འཇགས་དང་འཕེལ་རྒྱས་གཏོང་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་པ་གཉིས་འགལ་བ་མིན་པར་གཅིག་གྱུར་གྱི་འབྲེལ་བ་ཡིན་ཚུལ་ནན་བཤད་བྱས་ཡོད། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚང་མ་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཡིན། རང་རྒྱལ་གྱི་རྒྱལ་ཁབ་ཆེ་ཞིང་མི་རིགས་མང་ལ། དུས་ཡུན་རིང་བོར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་དགོས་པས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏང་དགོས་ཚེ། མང་པོས་བཏེགས་ན་གདུང་མ་ཡིན་པའི་དཔེ་ལྟར་ཕྱོགས་སོ་སོས་མཉམ་ཤུགས་འདོན་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉིས་ཕན་ཚུན་གཅིག་ལ་གཅིག་འབྲེལ་གྱི་ཚུལ་དུ་གནས་པ་མ་གཏོགས། ཕན་ཚུན་ཁྱད་གསོད་དང་འགལ་བ་ལྟག་སྤྲོད་ཀྱི་འབྲེལ་བ་གཏན་ནས་མིན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་རྐང་ཚུགས་དགོས་ཚེ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་རྒྱུན་འཁྱོངས་བྱ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号