འཐུས་མི་མཱ་ཧྥུའུ་ཁྲང་གིས་རྒན་པ་དང་བྱིས་པ་གཙིགས་སུ་བཟུང་ནས་དམངས་ཚིས་བདེ་ཐང་ལ་སྲུང་སྐྱོང་བྱེད་རྒྱུའི་གྲོས་གཞི་བཏོན།
ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་འཕྲོད་བསྟེན་བདེ་ཐང་བྱ་བའི་ཐད་ནས་ཡུན་རིང་ཡར་ཐོན་བྱུང་ན་ཡང་། དམིགས་བསལ་གྱི་ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་གནས་ཚུལ་གྱི་དབང་གིས། ད་དུང་དོ་སྣང་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁ་ཤས་ཡོད།
འཐུས་མི་མཱ་ཧྥུའུ་ཁྲང་གིས། བདེ་ཐང་ཀྲུང་གོ་དང་བདེ་ཐང་མཚོ་སྔོན་གྱི་འཐབ་ཇུས་ལག་བསྟར་སྔར་ལས་བཟང་བོ་བྱེད་ཆེད། དུས་འཁོར་ཧྲིལ་བོ་དང་ཕྱོགས་ཡོངས་ནས་རང་ཞིང་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པའི་ཞོར་དུ། ལྷག་པར་དུ་རྒན་བྱིས་ཀྱི་གནད་དོན་ལ་དོ་སྣང་བྱེད་འོས། ཀུན་ཕན་གསོ་བཅོལ་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གསོ་བཅོལ་ཞབས་ཞུའི་མཁོ་འདོན་ཇེ་ཆེར་བཏང་ནས། གཅེས་སྐྱོང་མ་རྩ་ཇེ་དམའ་རུ་གཏོང་འོས། རེ་བ་ཡིན་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་ཕྱིར་བཏོན་ནས། མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས་མི་བཀོལ་སྡེ་ཁག་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་བྱིས་པའི་གསོ་བཅོལ་ཞབས་ཞུ་ལས་ཁུངས་བསྒྲུབ་གཉེར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཉིན་ཧྲིལ་བོའི་གསོ་བཅོལ་དང་ཉིན་ཕྱེད་ཀྱི་གསོ་བཅོལ། གནས་སྐབས་ཀྱི་གསོ་བཅོལ་སོགས་རྣམ་པ་མང་པའི་གསོ་བཅོལ་ཞབས་ཞུའི་དྲ་རྒྱ་གྲུབ་པར་བྱེད་པ། དེ་དང་མཉམ་དུ་གསོ་བཅོལ་ཞབས་ཞུའི་རིམ་བགོས་གོང་གཅོད་རྐྱེན་སྲོལ་འཛུགས་པ། ཀུན་ཕན་གསོ་བཅོལ་དེ་གཞི་རྩའི་སྤྱི་ཐུན་ཞབས་ཞུའི་གསལ་ཕྲའི་ཁྲོད་འཇོག་པ། བྱིས་པའི་གསོ་བཅོལ་བྱེད་ཚད་ཇེ་མཐོར་བཏང་ནས། ཁྱིམ་ཚང་གི་བདག་སྐྱོང་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པར་འདོད།
རྒན་པའི་བདེ་ཐང་ལ་དོ་སྣང་བྱེད་པ་དང་རྒན་གསོ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བའི་ཕྱོགས་ནས། མཱ་ཧྥུའུ་ཁྲང་གིས་བསྟན་དོན། མི་ཚོགས་གཙོ་བོ་གཙིགས་སུ་འཛིན་པ་དང་མཐིལ་རྟོགས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་རྒན་གསོ་ཞབས་ཞུ་ལ་ཤུགས་སྣོན་པའི་ཞོར་དུ། གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་ལས་གཞི་ལ་རྒྱབ་རྟེན་ནས། རྒན་པའི་བདེ་ཐང་ཞབས་ཞུ་རྒྱུན་མཐུད་ངང་སྤེལ་བ་དང་། རྒན་པའི་བདེ་ཐང་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ནུས་ཤོར་རྒན་པའི་བདེ་ཐང་ཞབས་ཞུའི་འགུལ་སྐྱོད་ལ་ཤུགས་སྣོན་འོས། ཁྱིམ་སྡོད་དང་གཞིས་ཁུལ་གྱི་རྒན་གསོ་གཉིས་ཕན་ཚུན་མཐུན་སྦྱོར་བྱེད་པ་དང་། སྨན་གསོ་དང་ཁམས་གསོ་གཉིས་ཟུང་འབྲེལ་བྱེད་པའི་རིམ་མང་ཀུན་ཕུན་རིགས་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། འཕྲོད་བསྟེན་བདེ་ཐང་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注