ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་སྒྲོག་སྒྲོག་སྤེལ་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་ལ་འཚམས་འདྲི་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས10ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་སྒྲོག་སྒྲོག་སྤེལ་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་ལ་འཚམས་འདྲི་མཛད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་མཛད་ནས་ཚང་མར་འཚམས་འདྲི་དང་བཀའ་དྲིན་ཞུས།

མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚགས་པར། མི་དམངས་སྲིད་གྲོས་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་སྡེ་ཁག་གཙོ་བོ་དང་ཀྲུང་གོའི་སྲིད་གྲོས་དུས་དེབ་ཁང་གི་འགན་ཁུར་བློ་མཐུན། ཚོགས་ཆེན་གྱི་སྒྲོག་སྤེལ་ལ་ཞུགས་པའི་གསར་འགོད་པ་དང་རྩོམ་སྒྲིག་པའི་འཐུས་ཚབ་བཅས་བྱ་འགུལ་ལ་ཞུགས་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་སྒྲོག་སྒྲོག་སྤེལ་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ལེགས་འགྲུབ་བྱུང་བ་དང་། དེའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོར་ཐུག་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མཉམ་དུ་འབད་འཐབ་བྱས་པ་མཚོན་པ་དང་། ་གསར་འགྱུར་སྡེ་ཁག་དང་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་འབད་འཐབ་དང་ཡང་འབྲལ་ཐབས་མེད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཚོགས་ཆེན་སྐབས་སུ། གསར་འགྱུར་སྡེ་ཁག་གིས་ཕྱོགས་ཡོངས་དང་ཟུར་ངོས་མང་པོ་ནས་གྲོས་ཚོགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པའི་ཆོད་སེམས་དང་ཡིད་ཆེས་བརྒྱུད་སྒྲོག་བྱས། ཀྲུང་དབྱང་གསར་འགྱུར་སྡེ་ཁག་གིས་མུ་མཐུད་དུ་མི་དམངས་སྲིད་གྲོས་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བའི་དྲིལ་སྒྲོག་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་ལག་བསྟར་ནན་མོ་དང་ཁག་ཁུར་འབད་འཐབ་བྱེད་པའི་དྲིལ་སྒྲོག་བཟང་བོ་བྱས་ཏེ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གཏམ་རྒྱུད་དང་མི་དམངས་སྲིད་གྲོས་ཀྱི་གཏམ་རྒྱུད་བཟང་བོ་བྱེད་རྒྱུའི་རེ་བ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥིན་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号