ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱི་བྱ་བའི་གྲོས་ཚོགས་བསྡུས།

ཟླ2པའི་ཚེས13ཉིན།  ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་དངུལ་རྩའི་ཁོངས་གཏོགས་ཀྱི་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ལ། 2024ལོའི་དངུལ་རྩའི་བྱ་བ་བཀོད་སྒྲིག་བྱས་ཤིང་། 2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་བྱ་བ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། 2024ལོར་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ལ། ཏང་འཛུགས་དམ་འཛིན་དང་ཉེན་ཁ་སྔོན་འགོག ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་བའི་གཙོ་ཐིག་ལ་དམ་པོར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྤྱི་འབོར་བརྟན་ཐོག་ཡར་འཕར་དང་དངུལ་བསྡུའི་མ་རྩ་བརྟན་ཐོག་མར་ཆག་ཡོང་བར་སྐུལ་འདེད་བཏང་བ་དང་། དངོས་ཕུང་དཔལ་འབྱོར་ལ་ཕན་ནུས་ལྡན་པར་རྒྱབ་སྐྱོར་བྱས་ཤིང་། དངུལ་རྩའི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས་དངུལ་རྩའི་གསར་གཏོད་ཕན་འབྲས་མངོན་གསལ་ལྡན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ནུས་ལྡན་སྒོས་འདེགས་སྐྱོར་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བའི་ལོ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་ཞིབ་འཇུག་བྱེད་པའི་ལོ་ཡིན་པས། ད་ལོའི་དངུལ་རྩའི་བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། དངུལ་རྩའི་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ལ་སྔར་ལས་ཤུགས་སྣོན་པ། ཡིད་ཆེས་བརྟན་པོ་དང་ཞུམ་མེད་བརྩོན་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་འགུལ་སྒོས་རྒྱལ་ཁབ་དང་ཁུལ་ཁོངས་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་ཞབས་འདེགས་ཞུ་བ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། དངོས་ཕུང་དཔལ་འབྱོར་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ། ཚན་རྩལ་དངུལ་རྩ་དང་ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གཞི་གྲངས་དངུལ་རྩ་བཅས་ཀྱི་བྱ་བ་ཆེན་པོ་ལྔ་ལེགས་པར་སྒྲུབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། དངོས་གཉེར་བརྩོན་ལེན་རྒྱུན་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་གོང་སྤེལ་དང་ནུས་ལྡན་དངུལ་གཏོང་ལ་རྒྱབ་སྐྱོར་བྱེད་པ། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་འཚམ་པའི་དངུལ་རྩའི་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། བཅོས་སྒྱུར་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཚོང་འགུག་དངུལ་འདྲེན་ལ་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་མཉམ་སྡེབ་ལ་ཤུགས་སྣོན་པ། ཆ་འཕྲིན་མཉམ་སྤྱོད་དང་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་ལ་ཡང་དག་པའི་ཞིབ་གཅོད་བྱས་ནས། ནུས་ཤུགས་ཡོད་རྒུས་གོ་རིམ་ལྡན་པའི་ངང་ཉེན་ཁ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་ཐག་གཅོད་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཏང་གིས་དངུལ་རྩའི་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་པ་དང་། དངུལ་རྩའི་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞབས་ཞུའི་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱེད་པ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ལས་བྱེད་འཇོན་མིའི་དཔུང་སྡེ་སྒྲིག་འཛུགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་དངུལ་རྩའི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

གྲོས་ཚོགས་ལས་སྤྱི་དབང་མ་ཡིན་པའི་དངུལ་རྩའི་རྩ་འཛུགས་ཀྱི་ཏང་འཛུགས་དང་། ཁུལ་ཁོངས་གཙོ་བོའི་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་ཐབས་བྱེད་པ། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་སོགས་ལས་འགན་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། བྱ་བའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱེད་པ། གནད་ལ་འཁེལ་བའི་སྒོ་ནས་དངོས་གཉེར་སྐུལ་འདེད་བཏང་སྟེ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ་ཧུར་ཐག་གིས་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号