《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》པར་སྐྲུན་འགྲེམས་སྤེལ་བྱས།
ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ཞེས་པའི་དཔེ་དེབ་དེ་ཉེ་ལམ་མི་དམངས་དཔེ་སྐྲུན་ཁང་དང་། མི་རིགས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་གནད་དང་མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་གཙོ་གནད་དུ་བརྩི་རྒྱུ་གསལ་པོར་བཏོན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པ་དང་། ཏང་གི་མི་རིགས་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པར་ཁྲིད་སྟོན་བྱས་ཡོད། 《ཀློག་དེབ》ལ་བསྡོམས་པས་ལེའུ14ཡོད་ཅིང་། ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། ལས་འགན་གལ་ཆེན། བྱ་བའི་གཙོ་གནད། འགན་སྲུང་གལ་ཆེན་སོགས་ཀྱི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་དོན་གྱི་སྙིང་བོ་དང་། དགོངས་དོན་གྱི་ངོ་བོ། ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་བྱས་ཡོད།
《ཀློག་དེབ》པར་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་དང་དགེ་མཚང་མཉམ་འཁུར། ཤི་གསོན་མཉམ་གནས། ལས་སྐལ་གཅིག་མཐུན་བཅས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་ཐུབ་པ་དང་། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་མོས་མཐུན་ཡོང་བར་ཕན་ཐོགས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注