སྡེ་ཁག་གཉིས་ཀྱིས་འཕྲལ་དུ་སྒོར་ཁྲི3000སྔོན་ལ་བཏང་ནས་སི་ཁྲོན་གྱིས་ས་གཤིས་གནོད་འཚེའི་གནོད་སེལ་ལས་དོན་ཡག་པོར་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ།
ཚེས8ཉིན་གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་གསལ་ལྟར་ན། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཉིན་དེར་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་སེལ་མ་དངུལ་སྒོར་ཁྲི3000སྔོན་གཏོང་བྱས་ཏེ། སི་ཁྲོན་གྱིས་མྱུར་དུ་ཉེན་སྐྱོབ་རོགས་སྐྱོབ་སྒྲིག་འཛུགས་བྱེད་པར་རྒྱབ་སྐྱོར་བྱས་ནས། མི་སྣ་འཚོལ་སྐྱོབ་དང་ཉེན་ཁ་སེལ་བ་སོགས་འཕྲལ་བསྟུན་ཐག་གཅོད་དང་། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་ཞིབ་བཤེར་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ལེགས་པར་བསྒྲུབས་ནས་ཚད་མཐོན་པོས་མི་ཤི་རྨས་ཇེ་ཉུང་དུ་བཏང་།
ནོར་སྲིད་པུའུ་ཡིས་སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིན་ལ་མ་དངུལ་གནོད་ཁུལ་ལ་གཏོང་སྤྲོད་བྱེད་པར་དམ་འཛིན་བྱས་ནས། བྱེད་ཐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ། མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་གནོད་སྐྱོབ་མ་དངུལ་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注