2025ལོའི་ལོ་སར་དུས་ཆེན་རིང་རྒྱལ་ཡོངས་རྟེན་རྫས་བཤམས་མཛོད་ཁང་གིས་ལྟད་མོ་བ་མི་ཐེངས་ཁྲི7264.87སྣེ་ལེན་བྱས་པ།

གསར་འགོད་པས་ཟླ2པའི་ཚེས7ཉིན་རྒྱལ་ཁབ་རིག་དངོས་ཅུའུ་ནས་ཤེས་གསལ་ལྟར་ན། ཐོག་མའི་བསྡོམས་རྩིས་ལྟར་ན། 2025ལོའི་ལོ་སར་དུས་ཆེན་རིང་གི་རྒྱ་ལོའི་ཚེས་གཅིག་ནས་ཚེས་བདུན་ཉིན་བར་རྒྱལ་ཡོངས་རྟེན་རྫས་བཤམས་མཛོད་ཁང་གིས་ལྟད་མོ་བ་མི་ཐེངས་ཁྲི7264.87སྣེ་ལེན་བྱས་པ་དང་། ཉིན་རེའི་ཆ་སྙོམས་སྣེ་ལེན་བྱས་པའི་ལྟད་མོ་བ་ན་ནིང་ལས12.84%འཕར་ཡོད། རྒྱལ་ཁབ་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང55ཡིས་སྣེ་ལེན་བྱས་པའི་ལྟད་མོ་བ་མི་ཐེངས་ཁྲི516.73ཟིན་ཡོད།

ཤེས་གསལ་ལྟར་ན། 2025ལོའི་ལོ་གསར་དུ། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་རྒྱལ་ཡོངས་ས་གནས་ཁག་གི་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོའི་ཁང་སོགས་རིག་གནས་དངོས་རྫས་བཤམས་མཛོད་ཁང་སྡེ་ཚན་ལ་མཛོད་ཁང་གི་ལེགས་ཆ་གཞིར་བཟུང་བ་དང་། ཕྱོགས་མང་པོའི་ཐོན་ཁུངས་སྡེབ་སྒྲིག་བྱེད་པ། དོ་དམ་ནུས་པ་མཐོར་འདེགས་གཏོང་བ། ཞབས་ཞུའི་མཁོ་སྤྲོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། “རྟེན་རྫས་བཤམས་མཛོད་ཁང་ནང་ལོ་གསར་རོལ་བའི”བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང་། ཁྱད་ཆོས་ལྡན་པའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་དང་རིག་གནས་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ནས། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་མཛུབ་ཁྲིད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号