ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧ་ཨར་པིན་དུ་གཟབ་རྒྱས་ངང་སྤེལ་མགོ་བརྩམས།

ཟླ2པའི་ཚེས7ཉིན་གྱི་དགོང་མོ། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧ་ཨར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་ཏེ། སྐབས་འདིའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་གནང་།

ཟླ2པའི་ཚེས7ཉིན་གྱི་དགོང་མོ། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧ་ཨར་པིན་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་ཏེ། སྐབས་འདིའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་གནང་།

ཚའེ་ཆི་དང་། ཨེ་ཤ་ཡའི་ས་གནས་སོ་སོ་ནས་ཡོང་བའི་མགོ་ཁྲིད་པ་དང་སྐུ་མགྲོན་སོགས་མགོ་རྩོམ་མཛད་སྒོར་ཞུགས།

དགོང་མོའི་དུས་ཚོད་བདུན་དང་སྐར་མ་ང་བརྒྱད་སྟེང་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི། ཨེ་ཤ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཧུའོ་ཀྲིན་ཐེན་སོགས་དུས་མཉམ་གཅིག་ཏུ། 《ཞི་བདེ་དང་ལས་སྐལ་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས། ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ནས་ལྟད་མོ་བ་ཚོར་ཕྱག་གཡུག་གནང་ནས་གུས་འདུད་ཞུས་པ་ན། ཚོགས་ར་ཧྲིལ་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་བརྒྱད་ཀྱི་སྟེང་དུ་ལུས་རྩལ་པ་འགྲན་རར་ཞུགས་པའི་མཛད་སྒོ་དངོས་སུ་སྤེལ། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་སྤྲོ་སྣང་ཆེ་བའི་འགྱུར་ཁུགས་དང་བསྡོངས་ནས། མགྲོན་བདག་རྒྱལ་ཁབ་སྟེ་ཀྲུང་གོའི་འཐུས་ཚབ་ཚོགས་པ་མཇུག་མཐར་འགྲན་རར་ཞུགས་པ་ན། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཡར་ལངས་ནས་ཕྱག་གཡུག་གནང་སྟེ་གུས་འདུད་ཞུས་པ་ན། ཚོགས་ར་ཧྲིལ་བོར་དགའ་སྤྲོའི་ཡོ་ལང་རྒྱས།

ཧ་ཨར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཧེ་ལུང་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་ལེང་ཧོས་ལིན་གྱིས་ཤིས་ཚིག་འབུལ་སྐབས། རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་ཧེ་ལུང་ཅང་ཞིང་ཆེན་གྱི་མི་དམངས་བྱེ་བ་གསུམ་ལྷག་གི་ཚབ་བྱས་ཏེ། ཨེ་ཤ་ཡའི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་ལུས་རྩལ་པ་ཚོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། ཁོ་ཚོས་འགྲན་ར་ནས་རང་ཉིད་ལས་བརྒལ་ཐུབ་པ་དང་ལང་ཚོའི་ཉམས་འགྱུར་མངོན་ཐུབ་པ། ཕུགས་འདུན་དོན་སྨིན་ཡོང་བ། མཛའ་བརྩེ་ཟབ་མོ་ཐོབ་པ་བཅས་ཡོང་བའི་སྨོན་འདུན་ཞུས།

ཧ་ཨར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཤིས་ཚིག་འབུལ་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག་ཏུ། ངོ་མཚར་ཆེ་བའི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་སྤེལ་མགོ་རྩོམ་ཐུབ་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་ཅི་རིགས་མཉམ་སྤྱོད་གང་ལེགས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་ཨེ་ཤ་ཡའི་ལུས་རྩལ་བྱ་གཞག་གི་འོད་སྟོང་འབར་བའི་ཕུགས་འདུན་མཉམ་སྐྲུན་བྱས་ནས། ནུས་ཤུགས་ཅི་ཡོད་གཅིག་སྡུད་སྒོས་ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པའི་མཛེས་སྡུག་ལྡན་པའི་རོལ་དབྱངས་མཉམ་དཀྲོལ་བྱེད་དགོས་ཟེར།

དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་ང་གཅིག་གི་སྟེང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཨར་པིན་གྱི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་གནང་མ་ཐག ཚོགས་ར་ཡོངས་སུ་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས་ཏེ། ཤོག་སྦག་བཀད་པའི་འོད་སྣང་གིས་མཚན་མོའི་ནམ་མཁའ་གསལ་བར་བྱས།

ཐེངས་འདིའི་མགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་གྱི་གྲས་སུ་ཝུན་ལའེ་ཡི་མགོ་ཁྲིད་པ་ཧ་སང་ན་ཨར་དང་། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་བཟའ་ཟླ་གཉིས།  ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལེ། ཐེ་གོའི་ཙུང་ལི་ཕེ་ཐུང་ཐན། ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་བཟའ་ཟླ་གཉིས་བཅས་ཡོད།

ཝང་དབྱི་དང་ཧི་ལིས་ཧྥུན། ཝང་ཞའོ་ཧུང་། ཧྲིན་དབྱི་ཆིན་བཅས་མགོ་རྩོམ་མཛད་སྒོར་ཞུགས།

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅ་ཁྲའོ་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུན་ཧའོ་ཧོས་མགོ་རྩོམ་མཛད་སྒོར་ཞུགས།

ཨེ་ཤེ་ཡའི་ཨོ་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་དཔོན་རིགས་སོགས་མགོ་རྩོམ་མཛད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号