2025ལོའི་ཟླ1པོའི་ཚེས1ཉིན་པར་སྐྲུན་བྱས་པའི་དུས་ཐེངས་དང་པོའི《བདེན་འཚོལ་དུས་དེབ》སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དེ་གྱི་རླབས་ཆེན་ལ་བྱ་གཞག་ལ་སྐུལ་འདེད་གཏོང་བ》ཞེས་པ་སྤེལ།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་མདོར་བསྡུས་ཀྱིས་བཏོན་པ་དང་རྒྱས་བཤད་གཏིང་ཟབ་བྱེད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་གཞུང་ལུགས་གལ་ཆེན་གྱི་གསར་གཏོད་ཅིག་ཡིན་པ་དང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གསར་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོའི་ཏང་གིས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་མུ་མཐུད་མདུན་སྐྱོད་བྱས་ཤིང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། དེང་རབས་ཅན་འཛུགས་སྐྲུན་ཁྲོད་གནས་པའི་འབུར་ཐོན་འགལ་བ་དང་གནད་དོན་ཐག་གཅོད་པར་དམིགས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། གཞུང་ལུགས་དང་ལག་ལེན་སྟེང་ཐོལ་བརྒལ་གསར་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ང་ཚོས་ངོས་འཛིན་སྟེང་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་དང་། འཐབ་ཇུས་སྟེང་རྒྱུན་ཆད་མེད་པར་ལེགས་བཅོས། ལག་ལེན་སྟེང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་འཐུས་ཚང་གི་ལམ་ལུགས་འགན་སྲུང་དང་། སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད།
རྩོམ་ཡིག་ལས་བསྟན་དོན། ཏང་གི་མགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་ཁ་ཕྱོགས་དང་། མདུན་སྐྱོད་ཀྱི་ལས་དབང་། མཇུག་མཐའི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞེས་གསལ་སྟོན་གནང་ཡོད་པས། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་གཏན་ཁེལ་བྱས་པའི་སྐད་ཆ་ཞིག་དང་། སྤྱི་དང་རྩ་བར་དོ་དམ་བྱེད་པ་ཞིག་ཡིན་ལ། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་ངོ་བོ་ཐག་བཅད་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འབད་འཐབ་དམིགས་འབེན་ཕྱོགས་སུ་བརྟན་པོར་བསྐྱོད་པར་ཁག་ཐེག་བྱས་ཡོད། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་དྲག་པོ་བསྐྱེད་དགོས། ཏང་གི་མགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ནུས་ལྡན་གཅིག་སྡུད་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བདེ་ཐང་གི་བགྲོད་ལམ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་པར་མ་ཟད། རང་རྒྱལ་ཁབ་ཀྱི་གནས་ཚུལ་རྨང་གཞིར་བྱས་པའི་མངོན་པར་གསལ་བའི་ཐུན་མིན་གྱི་ཁྱད་ཆོས་ལྡན་དེ། གཅིག་ནི་མི་གྲངས་ཀྱི་གཞི་རྒྱ་ཆེ་བའི་དེང་རབས་ཅན་ཞིག གཉིས་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཞིག གསུམ་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག བཞི་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ཞིག ལྔ་ནི་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པའི་དེང་རབས་ཅན་ཞིག་བཅས་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བགྲོད་ཐུབ་པ་ཞིག་དང་བརྟན་པོར་བགྲོད་ཐུབ་པ་ཞིག་ཡིན་པས། དེ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་བགྲོད་ལམ་གཅིག་པུ་ཡིན་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་པ་བཏོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྟེང་དུ་རྩ་བ་ཚུགས་ཤིང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་ངོ་བོ་མཚོན་པ། མིའི་རིགས་ཀྱི་ཕུལ་བྱུང་ཤེས་རིག་གི་གྲུབ་འབྲས་ཡོད་ཚད་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱེད་པ། མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་པ། ནུབ་ཕྱོགས་ཀྱི་དེང་རབས་ཅན་གྱི་རྣམ་པ་དང་མི་འདྲ་བའི་རྣམ་པ་གསར་པ་མངོན་པའི་མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་རྐྱང་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ལ་དེང་རབས་ཅན་གྱི་རྣམ་པ་གསར་རྐྱང་ཞིག་འདོན་སྤྲོད་བྱས་པ་དང་། ནུབ་ཕྱོགས་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བར་བརྒལ་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་གདམ་གསེས་གསར་རྐྱང་ཞིག་འདོན་སྤྲོད་བྱས་ཡོད།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། འཐབ་རྩོད་ལ་བརྟེན་ནས་བདེ་འཇགས་བརྩོན་ལེན་བྱས་ན་བདེ་འཇགས་ཡོད་པ་དང་། ཉམས་ཞན་ལ་བརྟེན་ནས་བདེ་འཇགས་བརྩོན་ལེན་བྱས་ན་བདེ་འཇགས་ཉམས་པ། འཐབ་རྩོད་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱས་ན་འཕེལ་རྒྱས་དར་རྒྱས་ཡོང་བ་དང་།ཉམས་ཞན་ལ་བརྟེན་ནས་ཕྱིར་བཤོལ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱས་ན་འཕེལ་རྒྱས་ཉམས་ཞན་དུ་འགྲོ་བ་བཅས་ལོ་རྒྱུས་ཀྱིས་ར་སྤྲོད་གསལ་བོ་བྱས་ཡོད། འཐབ་ཇུས་ཀྱི་རིགས་ལམ་གསལ་བོ་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདེང་ཚོད་ཡོད་དགོས། འཐབ་ཇུས་ཀྱི་ཡིད་ཆེས་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས། འཐབ་ཇུས་ཀྱི་རང་རྟོགས་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་ནུས་པ་ཆེ་རུ་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་གི་བཟོ་སྐྲུན་ཞིག་ཡིན་པས། གཅིག་གྱུར་འཆར་འགོད་དང་བརྒྱུད་རིམ་ལྡན་པའི་ཇུས་འགོད། ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ཡང་དག་བྱེད་དགོས། གཅིག་ནི་རྩེ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ་བར་གྱི་འབྲེལ་བ་དང་། གཉིས་ནི་འཐབ་ཇུས་དང་ཇུས་ཆོད་བར་གྱི་འབྲེལ་བ། གསུམ་ནི་བདེན་སྲུང་དང་གསར་གཏོད་བར་གྱི་འབྲེལ་བ། བཞི་ནི་ལས་ཆོད་དང་དྲང་གཞག་བར་གྱི་འབྲེལ་བ། ལྔ་ནི་གསོན་ཤུགས་དང་སྒྲིག་ལམ་བར་གྱི་འབྲེལ་བ། དྲུག་ནི་རང་ཚུགས་རང་སྟོབས་དང་ཕྱི་ཕྱོགས་སྒོ་འབྱེད་བར་གྱི་འབྲེལ་བ་བཅས་ཡིན།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ལག་ལེན་འཚོལ་ཞིབ་ལ་སྔར་ལས་ཤུགས་བསྣན་ནས། ང་ཚོའི་ངོས་འཛིན་དང་སྲིད་ཇུས། བྱེད་ཐབས་བཅས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་སྔར་ལས་མཐུན་པར་བྱས་ཏེ། རིམ་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི“རང་དབང་རྒྱལ་ཁབ”ཏུ་འགྱུར་བར་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注