གོ་སླའི་གཞུང་ལུགས་ཀྱི་ལེ་ཚན་ཆེ་གྲས《རིག་གནས་འོད་དུ་འཚེར་བའི་ཀྲུང་ཧྭ》ཞེས་པ་རྒྱལ་ཡོངས་སུ་མཉམ་འགུལ་སྒོས་གཏོང་རྒྱུ་རེད།
ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བྱས་ཏེ། དགོངས་པ་དེའི་དོན་གྱི་སྙིང་པོ་དང་དགོངས་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་བཅས་ལ་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བྱ་ཆེད། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་མཛུབ་སྟོན་བྱས་པ་དང་། ཅང་སུའུ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཅང་སུའུ་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཅང་སུའུ་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་སྒོས་བཏོན་པའི། གོ་སླའི་གཞུང་ལུགས་ཀྱི་ལེ་ཚན་ཆེ་གྲས《རིག་གནས་འོད་དུ་འཚེར་བའི་ཀྲུང་ཧྭ》ཞེས་པ་ཟླ12པའི་ཚེས29ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་བརྙན་འཕྲིན་དང་གཙོ་གནད་བལྟ་ཉན་དྲ་ཚིགས30ལྷག་གི་བརྒྱུད་ལམ་ནས་མཉམ་འགུལ་ངང་གཏོང་རྒྱུ་རེད།
《རིག་གནས་འོད་དུ་འཚེར་བའི་ཀྲུང་ཧྭ》ཞེས་པའི་ལེ་ཚན་གྱིས། དུས་རབས་གསར་པར་ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་རིག་གནས་འཛུགས་སྐྱོང་ཐད་བླངས་པའི་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ལ་དམ་པོར་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རིག་གནས་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་བྱས་རྗེས་བཞག་པ་མངོན་པར་མཚོན་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་དངོས་ཀྱི་འགྲེལ་བཤད་ནུས་པ་དང་ལག་ལེན་གྱི་སྣེ་ཁྲིད་ནུས་པ་ཆེན་པོ་ལེགས་པར་བསྟན་ཡོད། ལེ་ཚན་དེར་ཁྱོན་བསྡོམས་ལེའུ12ཡོད་དེ། 《དར་ཆ་མཐོ་སྒྲེང》དང《གཤོག་གཤིབ་མཉམ་འཕུར》《གཅེས་ནོར་ཆེན་པོ》《འགན་འཁྲི་ཁུར་ལེན》《རང་རྟོན་རང་དར》《སེམས་ཤུགས་གཅིག་སྒྲིལ།》《གནའ་དྭངས་ས་གཙང》《མི་དམངས་ཆེད་དུ》《རིག་གནས་རྒྱུན་མཐུད》《ཀྲུང་ཕྱི་མཐུན་འབྲེལ》《མཛེས་པ་མཉམ་འདུས》《འབྲས་བཟང་གསར་སྐྲུན》བཅས་ཡིན་པ་དང་ལེའུ་རེར་དུས་ཚོད་སྐར་མ་ཞེ་ལྔ་རེ་ཡོད།
གཞུང་ལུགས་སྒྲོག་སྤེལ་གྱི་བརྩམས་ཆོས་སྤུས་ལེགས་བསྐྲུན་ཆེད། ཅང་སུའུ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལས་གཞི་གལ་ཆེན་མཉམ་འགུལ་གྱི་ལམ་སྲོལ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཀྲུང་གོ་མི་དམངས་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན་སོགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆེད་མཁས་པ་དང་རིག་གནས་ཀྱི་ཆེད་མཁས་པས་བཅར་འདྲི་དང་ལེན་བྱེད་པར་གདན་འདྲེན་ཞུ་བ་དང་། ཆིན་ཧྭ་སློབ་ཆེན་དང་ནན་ཅིང་སློབ་ཆེན། ཧྥུའུ་ཏན་སློབ་ཆེན་བཅས་སློབ་གྲྭ་གསུམ་གྱི་སྐད་གྲགས་ཆེ་བའི་སྒྲོག་སྤེལ་མཁས་པ་ལེ་ཚན་བརྙན་ཕབ་ཁང་དུ་སོང་ནས་རིག་གནས་སྣང་ཚུལ་ལ་དབྱེ་ཞིབ་བྱས་ནས། ལེ་ཚན་མདོ་འཛིན་པ་དང་མཉམ་དུ་ལེ་ཚན་ལ་མདོ་འཛིན་བྱ་རྒྱུ་ཡིན་ལ། རིག་གནས་མཁས་ཅན་དང་ལས་རིགས་མཁས་ཅན་བཅུ་ལྷག་ཀྱང་ལེ་ཚན་ཡུལ་དངོས་སུ་ཡོང་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ངོས་ཟིན་དང་དེས་བསྐྱེད་པའི་ཉམས་རྟོགས་ཅི་རིགས་མཉམ་སྤྱོད་བྱ་རྒྱུ་རེད།
《རིག་གནས་འོད་དུ་འཚེར་བའི་ཀྲུང་ཧྭ》ཞེས་པའི་ལེ་ཚན་འདི་ཟླ12པའི་ཚེས29ཉིན་ནས2025ལོའི་ཟླ1ཚེས10ཉིན་བར་གྱི་དགོང་མོའི་དུས་ཚོད19:30སྟེང་ཅང་སུའུ་འཁོར་སྐར་བརྙན་འཕྲིན་ལས་སྟོན་རྒྱུ་ཡིན་པ་དང་། པེ་ཅིང་དང་ཐེན་ཅིན། ཧི་པེ། ལེའོ་ཉིང་། ཅི་ལིན། ཀྲེ་ཅང་། ཧི་ནན། ཀན་སུའུ། མཚོ་སྔོན། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་བཅས་ཀྱི་བརྙན་འཕྲིན་བརྒྱུད་ལམ10ཡི་སྟེང་དུ་རེས་སྐོར་དང་པོར་དུས་མཉམ་དུ་གཏོང་རྒྱུ་ཡིན་ལ། དེ་མིན་ད་དུང་མང་ཀོTVདང་ཡིའུ་ཁུའུ། ཨའེ་ཆི་དབྱི། ཐིན་ཞུན་བརྙན་ལམ་སོགས་དྲ་རྒྱའི་བལྟ་ཉན་སྟེགས་བུའི་སྟེང་དུ་དུས་མཉམ་དུ་གཏང་རྒྱུ་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་འཁོར་སྐར་བརྙན་འཕྲིན་གཞན་དག་གིས་ཀྱིས་སྔ་གཞུག་ཏུ་གཏང་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注