《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

 ཟླ12ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས24པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ང་ཚོའི་ཏང་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཡིན་པའི་ཆ་ནས། ཇི་ལྟར་བྱས་ཏེ་ཟིང་ཆ་དང་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ཚད་ལས་བརྒལ་བ་དང་། ཏང་གི་ངོ་བོ་མི་འགྱུར་བ་དང་རང་མདངས་མི་འགྱུར་བ། གཞི་མདངས་མི་འགྱུར་བ་བཅས་ལ་ཁག་ཐེག་བྱེད་པ་ནི་ཏང་ཡོངས་ཀྱི་བློ་མཐུན་གྱི་མདུན་དུ་ལྷགས་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་དུ། ང་ཚོས་རྒྱུན་ཆད་མེད་པར་ལག་ལེན་ཐད་འཚོལ་ཞིབ་དང་གཞུང་ལུགས་ཀྱི་བསམ་བློ་བཏང་བ་དང་། བློ་མཐུན་མའོ་ཙེ་ཏུང་གིས་ལོ་དེར“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དགོས”ཞེས་པའི་དྲིས་ལན་དང་པོའི་རྨང་གཞིའི་སྟེང་ལན་གཉིས་པ་བཏབ་པ་དེ་ནི། ཏང་གི་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

རྩོམ་ཡིག་ལས་བསྟན་དོན། དུས་རབས་གསར་པའི་ལོ་ངོ10ཡི་རིང་ལ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་དང་གཞུང་ལུགས་འཚོལ་ཞིབ་ཁྲོད་དུ། ང་ཚོས་ཏང་གི་རང་ངོས་གསར་བརྗེའི་ཐད་ཀྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་གྲུབ་པ་དང་། ང་ཚོའི་ཏང་གིས་ཅིའི་ཕྱིར་རང་ངོས་གསར་བརྗེ་བྱེད་པ་དང་། ཅིའི་ཕྱིར་རང་ངོས་གསར་བརྗེ་བྱེད་ཐུབ་པ། རང་ངོས་གསར་བརྗེ་ལ་སྐུལ་འདེད་ཇི་ལྟར་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་ཡོད།

རྩོམ་ཡིག་ལས་བསྟན་དོན། ང་ཚོའི་ཏང་གིས་འཚོལ་སྙེག་བྱེད་པའི་ཕུགས་བསམ་བླ་ན་མེད་པ་དང་། ཕྲག་ཏུ་འཁུར་བའི་ལས་འགན་དཀའ་ཚེགས་ཆེ་ཞིང་གཟི་བརྗིད་ལྡན་པས། དུས་རབས་འཕེལ་རྒྱས་འགྲོ་བའི་བླང་བྱར་གཞིགས་ནས་རང་ཉིད་ལ་ཞིབ་ལྟ་དང་། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་དྲག་པོས་རང་ཉིད་ལ་དྲན་སྐུལ། རང་གིས་རང་ལ་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་གསོ་སྐྱོང་། འགོ་ཁྲིད་ཀྱི་ནུས་པ་དང་སྲིད་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་བཅས་བྱས་ན། ད་གཟོད་ཏང་གི་ངོ་བོ་མི་འགྱུར་བ་དང་།  རང་མདངས་མི་འགྱུར་བ།  གཞི་མདངས་མི་འགྱུར་བ་བཅས་བྱེད་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་ཁག་ཐེག་བྱེད་ཐུབ། དུས་མཚུངས་སུ་གནས་བབ་ཀྱི་ལས་འགན་དང་། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག  ཏང་ཡོན་དཔུང་ཁག་རང་ངོས་ཀྱི་འགྱུར་ལྡོག་བཅས་དང་བསྟུན་ནས། ཏང་ནང་ཁུལ་དུ་འགལ་བ་དང་གནད་དོན་སྣ་ཚོགས་འབྱུང་སྲིད་པར་གཡོལ་ཐབས་མེད་པས།  ངེས་པར་དུ་བློ་རྩེ་ནང་ལ་ཕྱོགས་པའི་སྟོབས་ཤུགས་ལ་བརྟེན་ནས། མི་ལེགས་པའི་ཤུགས་རྐྱེན་སྣ་ཚོགས་དུས་ཐོག་ཏུ་སེལ་ཏེ། ཏང་འདི་ཉིད་ལ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཀྱིས་ཁེངས་པར་འགན་ལེན་བྱེད་དགོས་ལ།  དེ་ནི་ཅིའི་ཕྱིར་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་པའི་རྒྱུ་མཚན་ཡིན་པ་མཐོང་ཐུབ་དགོས།

རྩོམ་ཡིག་ལས་བསྟན་དོན།  རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ང་ཚོའི་ཏང་གི་ཆེས་མངོན་གསལ་གྱི་གཤིས་རྒྱུད་དང་ཆེས་ཆེ་བའི་དགེ་མཚན་ཡིན། ཏང་གི་ངོ་བོ་དང་དམིགས་ཡུལ།  ཐོག་མའི་བསམ་འདུན་དང་འགན་འཁྲི་བཅས་ཀྱིས་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་ཐག་གིས་བཅད་ཡོད། སྒེར་ཕན་མ་གཉེར་ན་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་ལྡན་པ་དང་། རྩ་བ་དོན་གཉེར་དང་ཁེ་ཕན་ཆེན་པོ་དོན་གཉེར་བྱེད་ཐུབ་པ།   བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་པ། རང་ཉིད་ལ་ཞིབ་ལྟ་བྱེད་ཕོད་པ།  རང་སྐྱོན་རང་དྲན་བྱེད་ཕོད་པ། རང་ཉིད་ཀྱི་སྐྱོན་ཆ་སྦ་གསང་མི་བྱེད་པ། རང་སྟེང་དུ་གནས་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བཅས་བྱས་ན།  ཁེ་ཕན་ཚོགས་པ་དང་། དབང་ཤུགས་ཚོགས་པ།  ཁྱད་དབང་རིམ་གྲས་བཅས་ཡོད་ཚད་ཀྱི“གཞོགས་འདྲུད”ལ་རྒོལ་ལན་ནུས་ལྡན་སྤྲོད་ཐུབ།   འདི་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་སྲུང་འཛིན་བྱེད་ཐུབ་པ་དང་། ང་ཚོའི་ཏང་གིས་རང་ལ་སྐུལ་འདེད་གཏོང་ཐུབ་པའི་གཏིང་ཤུགས་ཀྱང་ཡིན།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ལག་ལེན་ཁྲོད་གཤམ་གྱི་གནད་དོན་འགའ་དམ་འཛིན་ལེགས་པོ་བྱེད་དགོས་ཏེ། དང་པོ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དེ་རྩ་བའི་ཁག་ཐེག་ཏུ་འཛིན་དགོས། གཉིས་པ། རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་དགོས། གསུམ་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་རྩ་བའི་གཞི་འཛིན་སར་བྱེད་དགོས། བཞི་པ། ལོ་རྒྱུས་ཀྱི་དུས་འཁོར་ཚད་ལས་བརྒལ་རྒྱུ་དེ་འཐབ་ཇུས་དམིགས་འབེན་དུ་འཛིན་དགོས།  ལྔ་པ། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་འཛིན་དགོས། དྲུག་པ།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་ཐབས་ལམ་ནུས་ལྡན་ཞིག་ཏུ་འཛིན་དགོས། བདུན་པ། སྲ་ཞིང་བརྟན་པའི་རྩ་འཛུགས་འཛུགས་སྐྲུན་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྲུན་བྱེད་རྒྱུ་དེ་ཤུགས་རྒྱག་སར་འཛིན་དགོས། བརྒྱད་པ། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་འཛིན་དགོས།   དགུ་པ།  རང་ཉིད་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱེད་པ་དེ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འཛིན་དགོས།

རྩོམ་ཡིག་ལས་བསྟན་དོན། ལག་ལེན་དང་འཕེལ་རྒྱས་ནི་རྫོགས་མཐའ་མེད་པ་དང་། གཞུང་ལུགས་གསར་གཏོད་ཀྱང་རྫོགས་མཐའ་མེད་པས། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད།  བདེན་སྲུང་གསར་གཏོད་བཅས་རྒྱུན་འཁྱོངས་དང་། མུ་མཐུད་དུ་ལག་ལེན་འཚོལ་ཞིབ་དང་གཞུང་ལུགས་གསར་གཏོད་བྱས་ཏེ། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་ཆོས་ཉིད་ལ་རྒྱུན་ཆད་མེད་པར་ངོས་འཛིན་ཇེ་ཟབ་དང་། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་སྔར་ལས་དམ་པོར་བཟུང་ནས། འཐབ་ཕྱོགས་རེ་རེ་དང་བརྒྱུད་རིམ་རེ་རེའི་རང་ངོས་གསར་བརྗེ་བྱེ་བྲག་ཏུ་དམ་འཛིན་དང་གཏིང་ཟབ་ཏུ་དམ་འཛིན་བྱེད་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号