ཏང་གི་ཚགས་པར་གླེང་སྟེགས་སྐབས་ཉེར་གཅིག་པ་སྤེལ་བ།

ཚེས8ཉིན“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སྟེ། ཏང་གི་ཚགས་པར་དང་དུས་དེབ་བཅོས་སྒྱུར་གསར་གཏོད་དང་དེ་བཞིན་བྱང་ཚད་མཐོ་བའི་གསར་འགྱུར་བརྒྱུད་སྒྲོག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཏང་གི་ཚགས་པར་གླེང་སྟེགས”ཀྱི་སྐབས་ཉེར་གཅིག་པའི(2024)ལོ་ཚོགས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་དུ་འཚོགས་པ་རེད།

སྐབས་འདིའི་ལོ་ཚོགས་སྟེང་ཚོགས་ཞུགས་ཆེད་མཁས་པས་ཏང་གི་ཚགས་པར་དང་དུས་དེབ་ལ་ཇི་ལྟར་བྱས་ནས་བཅོས་སྒྱུར་གསར་གཏོད་དང་། བྱང་ཚད་མཐོ་བའི་གསར་འགྱུར་བརྒྱུད་སྒྲོག་ཤེས་ལྡན་མི་སྣ་གསོ་སྐྱོང་། སྨྱན་སྦྱོར་སློབ་གསོ་བཅོས་སྒྱུར་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས། ཆེད་མཁས་པ་དང་རྩོམ་སྒྲིག་པ། གསར་འགོད་པ་བཅས་དང་དེ་མིན་མཐོ་རིམ་སློབ་གྲྭ17གྱི་དགེ་སློབ་སོགས་ཚོགས་འདུར་ཞུགས། “མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཏང་གི་ཚགས་པར་གླེང་སྟེགས”ཀྱིས་ཏང་གི་ཚགས་པར་དང་དུས་དེབ་གཙོ་བོར་བྱས་ནས་ལས་རིགས་དང་རིག་གཞུང་ལས་རིགས་མཉམ་འདྲེས་ཀྱི་སྦྲེལ་ཟམ་བཙུགས་ཡོད། 2004ལོ་ནས་བཟུང་ལོ་ཚོགས་སྐབས21ལ་བསྟུད་མར་སྤེལ་མྱོང་། སྐབས་འདིའི་ལོ་ཚོགས་དེ་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་ཏང་གི་ཚགས་པར་དང་དུས་དེབ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གསར་འགྱུར་སློབ་གླིང་། ཧོ་པེ་སློབ་ཆེན་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་། ཆིང་ཏའོ་གློག་བརྙན་སློབ་གླིང་གསར་འགྱུར་སྨྱན་སྦྱོར་སློབ་གླིང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། སྨྱན་སྦྱོར་དུས་དེབ་ཁང་གིས་གཞོགས་འདེགས་བྱས་ནས་གཉེར་བ་རེད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号