ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་སྤྱིའི་མི་སྣས་གདེང་འཇོག་ཡག་པོ་བྱས།
རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་བརྩི་སྲུང་དང་མཛུབ་ཁྲིད་གལ་ཆེན་མཁོ་འདོན་གནང་ཡོད་ལ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུ་དང་། མ་འོངས་པར་སྔར་ལས་འོད་སྟོང་ལྡན་པར་ཡིད་ཆེས་ཡོད་ཟེར།
ལོ11རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་འཛམ་གླིང་གི་ཁྱབ་ཁོངས་ཆེས་རྒྱ་ཆེ་ཞིང་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་སུ་གྱུར་ཏེ། གྲུབ་འབྲས་གལ་ཆེན་རྒྱུན་ཆད་མེད་པར་ཐོབ་པ་དང་། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལ་ཕན་ཐོགས་བྱུང་ཡོད། ཚེས3ཉིན་ཁྲུང་ཆིང་ནས་གཏོང་འགོ་ཚུགས་པའི་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གཏོང་ཐེངས་འབུམ་པ་དེ་མཐའ་མའི་ས་ཚིགས་འཇར་མན་གྱི་ཏུའུ་དབྱི་སི་པའོ་རུ་འབྱོར་བ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注