ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཟླ12པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ལྟ་ཞིབ་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་།    རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་མཛད། 

གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།    ཧུར་ཐག་གིས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་དམིགས་ནས།   བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་དང་།    ཁེ་ལས་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་སྐོར་ཞིག་ཤེས་རྟོགས་བྱུང་བ་མ་ཟད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཀྱང་བཏང་བས་ཕན་འབྲས་ལ་ཁས་ལེན་བྱེད་འོས་པ་ཞིག་རེད།     ལྟ་ཞིབ་དག་ཐེར་གོ་སྐབས་སུ་བརྩིས་ནས་གནད་དོན་གྱི་གསལ་ཐོ་དེ་འགན་འཁྲིའི་གསལ་ཐོར་བརྩི་བ་དང་། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་འགོ་དེ་བྱ་བ་ལེགས་སྒྱུར་བྱེད་པའི་འགོ་རྩོམ་སར་བརྩིས་ཏེ། ཞིབ་འཇུག་དང་ལྟ་ཞིབ་གཏིང་ཟབ་བྱས་ནས་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་བྱས་ཏེ་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། དག་ཐེར་ཡོ་བསྲང་གི་བྱ་བ་སྔོན་ལ་སྤེལ་གང་ཐུབ་བྱེད་དགོས་ཤིང་།    ད་ལོར་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱེད་ཐུབ་པའི་རིགས་སང་ལོའི་བར་དུ་འགོར་འགྱངས་བྱེད་མི་རུང་བ་དང་། མུ་མཐུད་དུ་སྐུལ་སྤེལ་བྱེད་དགོས་པའི་རིགས་ལ་དུས་རིམ་གྱི་དམིགས་འབེན་གསལ་བོ་བཟོས་ནས། གནད་དོན་དག་ཐེར་ཡོ་བསྲང་དང་མིག་སྔའི་བྱ་བ་ལེགས་པོ་སྒྲུབ་པ་ཟུང་འབྲེལ་དམ་པོ་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཡོང་བར་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་དགོས།     ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་གྱིས་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་པ་དང་།    བྱ་བའི་གྲུབ་འབྲས་བཟང་པའི་རིགས་ལ་གཟེངས་བསྟོད་དང་སྐུལ་སློང་བྱེད་ཤུགས་ཆེ་རུ་གཏོང་བ།    དྲང་ཕྱོགས་ཀྱི་དཔེ་མཚོན་གཏན་འཁེལ་བྱེད་པ།    ཉམས་མྱོང་དང་ལས་སྟངས་བཟང་པོ་ཁྱབ་སྤེལ་གཏོང་བ་བཅས་བྱས་ནས། ལས་སྒྲུབ་ལས་སྐྲུན་གྱི་ཧུར་བརྩོན་རང་བཞིན་ལ་སྔར་ལས་ལྷག་པའི་སྐུལ་སྤེལ་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ཆུའི་བདེ་འཇགས་འགན་སྲུང་ནུས་པ་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་ནས་བསྡུས་པའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།    གཙོ་གནད་དུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱ་དགོས་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ།    ཆུ་དང་མི་གྲངས།    འབྲུ་རིགས།    ནུས་ཁུངས་བཅས་བར་གྱི་འབྲེལ་བ་གཙོ་གནད་དུ་བཟུང་ནས་ཐག་གཅོད་ཡག་པོ་བྱེད་པ།    རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བ།    ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་པ།    འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ།    ནུས་ཤུགས་ཡོད་རྒུས་རྨ་ཆུ་བདེ་འགོད་ལ་འགན་སྲུང་བྱེད་པ།    དམངས་འཚོའི་བདེ་སྐྱིད་བརྟན་པོའི་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་བར་འབུལ་རྒྱུ་རེད། གྲོས་ཚོགས་ལས་བསྟན་དོན། བདེ་འཇགས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་།    ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་སྐྱེལ་འདྲེན་ཐོན་སྐྱེད་ཀྱི་གཞི་ཁྱོན་དང་བདེ་འཇགས་འགན་སྲུང་ནུས་པ་དོ་སྙོམས་ཡོང་བར་ཁག་ཐེག་བྱེད་དགོས།     དམངས་སྤྱོད་མཁའ་འགྲུལ་གྱི་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་།    རྒྱལ་ནང་གི་ཁྲོམ་རའི་སྦས་ཤུགས་སྔོག་འདོན་བྱེད་པ།    འབྲེལ་ཡོད་ཀྱི་དངུལ་གཏོང་ལས་གཞི་གལ་ཆེན་ལག་བསྟར་ཡག་པོ་བྱེད་པ།    ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དམངས་སྤྱོད་མཁའ་འགྲུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།     སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་མཁའ་ལམ་དྲ་བའི་བཀོད་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号