ཀྲུང་གུང་གི་འཐུས་མི་ཚོགས་པ་སེབ་རུ་སིར་འཚམས་འདྲི་གནང་བ།

ཉི་ཁོའོ་ཞི་ཡ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ12པའི་ཚེས1ཉིན་ནས་ཚེས3ཉིན་བར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའམ་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཨའེ་ཝུན་ཀྲུང་གུང་འཐུས་མི་ཚོགས་པ་འཁྲིད་དེ་སེབ་རུ་སིར་འཚམས་འདྲི་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པའི་ཚོགས་འདུར་ཞུགས་པ་མ་ཟད། སེབ་རུ་སིའི་སྲིད་ཏང་གཙོ་བོ་ཁག་གི་མགོ་ཁྲིད་ལ་ཐུག་འཕྲད་དང་། ཏང་ཤོག་གི་གཞི་རིམ་རྩ་འཛུགས་ལ་འཚམས་འདྲི་གནང་ནས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་གཏིང་ཟབ་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཏང་ཁག་བར་གྱི་འགྲོ་འོང་སོགས་ཀྱི་ཐད་ལ་ཕྱི་ཕྱོགས་མི་སྣ་བར་བགྲོ་གླེང་ཟབ་མོ་གནང་། སེབ་རུ་སི་ཕྱོགས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཀྲུང་གོ་ཕྱོགས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་སྟེ་སེབ་ཀྲུང་བར་དང་། ཡོ་རོབ་དང་ཀྲུང་གོ་བར་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号