ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱའི་སྟེང་མཚན་བཀོད་ནས《དམག་དཔུང་གི་སྒྲིག་ཆས་འགན་སྲུང་སྲོལ་ཡིག》བསྒྲགས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་འགའི་སྔོན་བཀའ་རྒྱའི་སྟེང་མཚན་བཀོད་དེ《དམག་དཔུང་གི་སྒྲིག་ཆས་འགན་སྲུང་སྲོལ་ཡིག》བསྒྲགས་པ་དང་། 2024 ལོའི་ཟླ 12 པའི་ཚེས 1 ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ལས་འགན་ལག་བསྟར་ནུས་ལྡན་བྱེད་པར་དམིགས་པ། ཁྱོན་ཡོངས་ནས་དམག་གྲབས་དང་དམག་འཁྲུག་རྒྱག་པར་དམིགས་ཏེ། སྒྲིག་ཆས་འགན་སྲུང་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་པ་དང་། གནས་བབ་གསར་པའི་འོག་གི་སྒྲིག་ཆས་འགན་སྲུང་བྱ་བའི་གཞི་རྩའི་བླང་བྱ་དང་ལམ་ལུགས་བཀོད་སྒྲིག་ཚན་རིག་དང་མཐུན་པར་ཚད་ལྡན་དུ་གཏོང་བ་ནི་དམག་དཔུང་གི་སྒྲིག་ཆས་འགན་སྲུང་བྱ་བའི་གཞི་འཛིན་ས་གཙོ་བོ་ཡིན།

སྲོལ་ཡིག་ལ་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་གོ་གཉིས་ཡོད། དམག་དོན་ཨུ་ཡོན་ལྷན་ཁང་གི་དོ་དམ་སྤྱི་ཁྱབ་དང་། འཐབ་ཁུལ་གྱི་གཙོ་འཐབ། དམག་རིགས་གཙོ་འཛུགས་ཀྱི་སྤྱིའི་རྩ་དོན་ལྟར། སྒྲིག་སྲོལ་གསར་པ་དང་སྒྲིག་གཞི་གསར་པའི་འོག་གི་དམག་དཔུང་གི་སྒྲིག་ཆས་འགན་སྲུང་བྱ་བའི་ལམ་སྲོལ་ཚད་ལྡན་དུ་བཏང་སྟེ། རིམ་པ་སོ་སོའི་སྒྲིག་ཆས་འགན་སྲུང་སྡེ་ཁག་གི་སྒྲིག་ནུས་མཐུད་མཚམས་གསལ་བོ་བྱས་པ་དང་། སྒྲིག་ཆས་འགན་སྲུང་གི“མཁོ་སྤྲོད་དང་དོ་དམ། ཉམས་གསོ” བཅས་ཀྱི་ལམ་སྲོལ་བརྒྱུད་རིམ་ལེགས་བསྒྱུར་བྱས་ནས། སྒྲིག་ཆས་འགན་སྲུང་བྱ་བར་བཀག་སྡོམ་ནན་མོ་བྱེད་པར་ཤུགས་བསྣན་ནས། དམག་དཔུང་གི་སྒྲིག་ཆས་འགན་སྲུང་བྱ་བའི་གསར་གཏོད་དང་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ཡོད། ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号