ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

 ཟླ11པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་དང་གོམ་སྟབས་རྗེས་མའི་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། དགོངས་པ་གཏིང་ཟབ་པ་དེས།  དུས་རབས་གསར་པར་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་བསྡོམས་ཟབ་མོ་བྱས་ཡོད་ལ།  བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཡང་གསལ་བཤད་གཏིང་ཟབ་གནང་ཡོད་པས། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། དམིགས་སའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འབར་བའི་ཡིག་ཚགས་ཤིག་ཡིན་ལ།  སྐྱོད་ལམ་གསར་པའི་སྟེང་རང་ཞིང་གིས་བཅོས་སྒྱུར་བརྟན་བརླིང་ངང་སྤེལ་བ་དང་།  བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།  གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པར་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བཅོས་སྒྱུར་གྱི་ཡིད་ཆེས་ཇེ་བརྟན་ཏུ་བཏང་སྟེ། མཚོ་སྔོན་གྱི་བཅོས་སྒྱུར་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས།  བཅོས་སྒྱུར་གྱི་རྩ་དོན་གལ་ཆེན་དམ་འཛིན་བྱས་ནས།  བདེན་སྲུང་གསར་གཏོད་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ།  བཀག་སྡོམ་ངན་རེངས་ཀྱི་ལམ་རྙིང་དུ་མི་འགྲོ་བ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་འགྲོ་བར། བཅོས་སྒྱུར་བྱེད་དགོས་རིགས་མཐའ་གཅིག་ཏུ་བཅོས་སྒྱུར་བྱེད་དགོས་པ་དང་།  བཅོས་སྒྱུར་བྱེད་མི་འོས་པའི་རིགས་བཅོས་སྒྱུར་བྱེད་མི་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་གསར་སྐྲུན་བྱེད་མཁས་པོ་བྱས་ནས།  ཁྱད་ལྡན་ལེགས་ཆ་དེ་འཕར་ཚད་གསར་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས།   བཅོས་སྒྱུར་གྱི་བརྟག་ཐབས་སྨྲ་བ་བེད་སྤྱོད་ལེགས་པོ་བྱས་ཏེ།   བཅོས་སྒྱུར་གྱི་བརྒྱུད་རིམ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།  གཏོར་བ་དང་འཛུགས་པ་གཉིས་རྩོད་སྒྲུབ་སྒོས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ།   བཅོས་སྒྱུར་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ།  བཅོས་སྒྱུར་དང་སྒོ་འབྱེད་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་གཙོ་གནད་འདི་འབུར་དུ་ཐོན་པར་བྱེད་པ།  ཕྱོགས་གང་ཅིའི་ཐད་ཀྱི་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བཀོད་སྒྲིག་དང་དོན་འཁྱོལ་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བཅས་བྱས་ནས།  བཅོས་སྒྱུར་དེ་ཐོག་མཐའ་བར་གསུམ་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་སྐུལ་སྤེལ་གཏོང་བར་འགན་ལེན་ལེགས་པོ་བྱེད་དགོས།  བཅོས་སྒྱུར་གྱི་སྣང་ཚུལ་བཟང་པོ་བསྐྲུན་གང་ཐུབ་བྱས་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་ཏན་ཏིག་གིས་འཁུར་བ་དང་། “ལས་བྱེད་པས་སྒྲུབ་དགོས་པ་དང་། རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་ཧུར་ཐག་གིས་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་མཚོན་རྟགས་རང་བཞིན་ལྡན་པའི་བཅོས་སྒྱུར་གྱི་གྲུབ་འབྲས་ཁག་ཅིག་བསྐྲུན་པ་དང་།  མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གཏོད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ10པའི་ཚེས28ཉིན།   ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་དེར་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གཟབ་ནན་སྒོས་སྐོར་ཞིབ་དང་དག་ཐེར་ལེགས་པོ་བྱེད་པ་དང་། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་དྲུག་པ་ཏན་ཏིག་གིས་སྤེལ་བ། སྤེལ་བཞིན་པའི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་དང་སྒྲིག་འགལ་གྱིས་ལག་རྟགས་ལེན་པའི་ཆེད་དོན་བཅོས་སྐྱོང་སོགས་དང་ཟུང་འབྲེལ་བྱས་ནས།    མི་སྣ་གཙོ་བོ་དང་།  ལས་དོན་གཙོ་བོ།  གནད་དོན་གཙོ་བོ།  ཁྱབ་ཁོངས་གཙོ་བོ་བཅས་ལ་དམིགས་ཏེ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁོང་དུ་ཡག་པོར་ཆུད་པར་བྱེད་པ་དང་། དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་སྟེ། རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།   “མོས་མཐུན་ལྔ” རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་པ་དང་མཉམ་དུ། དྲིལ་སྒྲོག་དང་འོས་སྦྱོར་ཡག་པོ་བྱེད་པ་དང་། དྲིལ་སྒྲོག་ཆེན་པོའི་རྣམ་པ་ཧུར་ཐག་གིས་གཏོད་པ། གཞི་རྟེན་གསར་པ་མུ་མཐུད་དུ་ཡག་པོར་སྤྱོད་པ། མཚོ་སྔོན་གསར་པའི་གཏམ་རྒྱུད་ཡག་པོར་བརྗོད་པ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དང་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འབད་འཐབ་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སྒོས་འཕེལ་རྒྱས་གཏིང་ཟབ་གཏོང་བ། དམངས་འཚོ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱེད་པ། འཆར་འགོད་དང་སྣེ་ཁྲིད་བྱེད་པར་མཐོང་ཆེན་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། “ལྟེ་བ་གཅིག་དང་སྐོར་གཅིག་ས་ཁུལ་མང་པོའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པར་དམིགས་ཏེ། རིག་གནས་དང་ཡུལ་སྐོར་ཞབས་ཞུའི་འཛད་སྤྱོད་རིམ་སྤོར་མངོན་འགྱུར་ཡོང་བར་བྱེད་དགོས། ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་པ་དང་། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཚན་རྩལ་གསར་སྐྲུན་གྱིས་ཐོན་ལས་གསར་སྐྲུན་ལ་སྣེ་ཁྲིད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། གསར་སྤེལ་ཁུལ་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་གསར་པ་དང་། ལས་འགན་གསར་པ། གནད་དོན་གསར་པ་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། གསར་སྤེལ་ཁུལ་འཕེལ་རྒྱས་ཀྱི་ངེས་གནས་དང་། གཙོ་ཁྲིད་ཐོན་ལས། ས་བབ་ཀྱི་ལེགས་ཆ་བཅས་ལ་དམ་པོར་དམིགས་པ། དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་བར་བྱེད་པའི་འགན་འཁྲི་ཏན་ཏིག་གིས་འཁུར་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཕུལ་བའི་འཕྲིན་ཡིག་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། ཏང་གིས་རྒྱ་གྲམ་དམར་པོ་ཚོགས་པར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ།  གྲོང་གསེབ་དར་སྤེལ་སོགས་ཀྱི་ལས་དོན་ཁྲོད་རང་འགུལ་ངང་ཞུགས་པ།  གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ། རྒྱ་གྲམ་དམར་པོའི་རོགས་སྐྱོབ་དཔུང་ཁག་གི་སྟོབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་རྣམ་གྲངས་ཁག་ཅིག་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པ་སོགས་ཀྱི་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།  མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་པ།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ཀྱི་ལེའུ་གསར་པ་རྩོམ་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་རང་ཞིང་གིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྙོག་འཛིང་ཆེ་ཞིང་ཛ་དྲག་ལྡན་པའི་ཕྱི་ཕྱོགས་ཀྱི་ཁོར་ཡུག་དང་རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པའི་མདུན་དུ། ཞིང་ཆེན་ཡོངས་ཀྱིས་དཔལ་འབྱོར་བརྟན་བརླིང་ཡོང་བའི་ལས་དོན་སྣ་ཚོགས་ལ་སྐུལ་འདེད་ཆེན་པོ་བཏང་སྟེ། ཐོན་ལས་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་འགྱུར་དང་། ལས་རིགས་གཙོ་བོའི་འཁོར་སྐྱོད་བརྟན་བརླིང་ཡིན་པ།  ཞབས་ཞུའི་ལས་རིགས་ཀྱི་མཚོན་ཚུལ་མངོན་གསལ་བཅས་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལ་ལོ་སྟོད་དང་བསྡུར་ན་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་དང་། བརྟན་བརླིང་ངང་བསྐྱར་འཕར་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད་པས།  དམིགས་འབེན་གཏན་ཁེལ་དང་གནོན་ཤུགས་ཆེ་རུ་བཏང་ནས་སྙིང་སྟོབས་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་དགོས། ལས་གཞིའི་འཕེལ་རིམ་ལ་དམ་པོར་དམིགས་པ་དང་། ཞན་ཆ་ཁ་གསབ་ལ་དམ་པོར་དམིགས་པ། སྲིད་ཇུས་སྣ་ཚོགས་མགྱོགས་མྱུར་ངང་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་བསྐྱར་འཕར་གྱི་འཕེལ་ཕྱོགས་སྲ་བརྟན་དང་ཆེ་རུ་གཏོང་བ།   མཇུག་ལེགས་པོར་བསྡུ་བར་འགན་ལེན་བྱེད་པ་བཅས་བྱས་ནས།  ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས། གོ་སྐབས་དམ་འཛིན་དང་ནུས་ཤུགས་ཡོད་རྒུ་འདོན་དགོས།  རྒྱལ་ཁབ་ཀྱིས་བཏོན་པའི་འཕར་སྣོན་བརྟན་པོ་ཡོང་བའི་འཕར་སྣོན་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས། རང་ཞིང་གི་ས་ཁང་བདག་ཁོངས་དང་འཛད་སྤྱོད་སོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་གཞིར་བཟུང་ནས། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ལས་གཞི་གལ་ཆེན་ལ་ཇུས་འགོད་བྱེད་པར་ཤུགས་ཆེན་པོ་སྣོན་དགོས།  བཟོ་ལས་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། “གལ་ཆེན་གཉིས”ཀྱི་ལས་གཞི་འཛུགས་སྐྲུན་དམ་འཛིན། ཕན་ནུས་ལྡན་པའི་མ་དངུལ་གཏོང་ཚད་ཆེ་རུ་གཏོང་བ། འཛད་སྤྱོད་ཀྱི་གསོན་ཤུགས་བསྐྱེད་པ་བཅས་བྱས་ཏེ། དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་ཏན་ཏིག་གིས་ལེགས་པོར་བསྒྲུབ་དགོས། སང་ལོའི་དཔལ་འབྱོར་ལས་དོན་ལ་སྔ་སྣུར་སྒོས་ཇུས་འགོད་བྱེད་དགོས། སྔ་སྣུར་སྒོས་ཚད་ལོངས་པར་བྱས་ནས་བཟོ་ལས་ལ་མ་དངུལ་གཏོང་བ་དང་། ལས་གཞི་གལ་ཆེན། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སོགས་ལ་དམིགས་ཏེ། ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དམ་འཛིན་ལེགས་པོ་བྱས་ཏེ། སྲིད་ཇུས་སྣ་ཚོགས་ཀྱིས་སྔོན་ལ་ཤུགས་འདོན་པ་དང་། གནད་སྨིན་སྒོས་ཤུགས་འདོན་པ། མཐུན་སྦྱོར་སྒོས་ཤུགས་འདོན་པ་བཅས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ན་ནིང་ནས་བཟུང་རང་ཞིང་གིས་ཕྱོགས་ཡོངས་ནས་རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་པས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་བརྟན་བརླིང་ངང་ཇེ་ཆེར་འགྲོ་བ།  འབྲུ་རིགས་བདེ་འཇགས་ཀྱི་ནུས་པ་སྔར་ལས་བརྟན་པོ་ཡིན་ལ། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་ཕན་འབྲས་མངོན་གསལ་རེད།  ཡང་འབད་བསྐྱར་འབད་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་འདེ་འཇགས་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་བ། རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“གནས་གསུམ་གཞི་གཅིག”སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  སེམས་ཤུགས་ཡོད་རྒུས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་ཅི་ཐུབ་བྱེད་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号