ཞི་ཅིན་ཕིང་ལི་མར་འབྱོར་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པར་མ་ཟད་ཕེ་རུར་རྒྱལ་དོན་འཚམས་འདྲི་མཛད།
ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ལི་མར་འབྱོར་བ་དང་། ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལུའུ་ཨ་ཨར་ཐི་ཡི་གདན་ཞུས་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པར་མ་ཟད་ཕེ་རུར་རྒྱལ་དོན་འཚམས་འདྲི་མཛད།
ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ལི་མར་འབྱོར་བ་དང་། ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལུའུ་ཨ་ཨར་ཐི་ཡི་གདན་ཞུས་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པར་མ་ཟད་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་། ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ལི་མ་ཁ་ཡ་ཨུ་མཁའ་དམག་རྟེན་གཞིར་འབྱོར་སྐབས། ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ཏི་ལིས་ཨན་སེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ལི་མའི་ཁ་ཡ་ཨུ་མཁའ་དམག་རྟེན་གཞིར་འབྱོར་སྐབས། ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ཏི་ལིས་ཨན་སེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ས་གནས་དེའི་སློབ་མས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་། རྒྱ་སྐད་ཀྱི་ལམ་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། གུས་དམག་རྣམས་ས་གདན་དམར་པོའི་གཡས་གཡོན་གཉིས་སུ་འགྲེང་ནས་གུས་འདུད་ཞུས།
ཞི་ཅིན་ཕིང་གིས་གནམ་གྲུ་ཐང་ནས་ཡིག་ཐོག་གསུང་བཤད་གནང་བ་དང་། ཕེ་རུ་སྲིད་གཞུང་དང་ཕེ་རུ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕེ་རུའི་མཛའ་བརྩེ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་མཛའ་བརྩེ་མི་ཚང་མའི་སེམས་གཏིང་དུ་སིམ་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་ཅིག་རེད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཕེ་རུའི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་སུ་སོང་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཉིན་རེ་བཞིན་ཆེ་རུ་སོང་བ་དང་། མཉམ་ལས་ལས་གཞི་གལ་ཆེན་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཕན་པ་ཐོབ་ཡོད། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཐེངས་འདིའི་འཚམས་འདྲི་ཡིས་ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱེད་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གསར་པ་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད། ངས་ཀྱང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་ནས། ཕྱོགས་སོ་སོ་དང་མཉམ་དུ་སྒོ་འབྱེད་རྣམ་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་འཛུགས་སྐྲུན་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བར་ཡར་སྐུལ་བྱེད་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་པ་འཇོག་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་ཡང་མཉམ་དུ་གནམ་གྲུ་ཐང་དུ་འབྱོར།
སྔོན་ལ་འབྱོར་ཟིན་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅ་ཁྲའོ་དང་། ཕེ་རུར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་སུང་དབྱང་སོགས་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།
ཞི་ཅིན་ཕིང་རླངས་འཁོར་དུ་བཞུགས་ཏེ་གནམ་གྲུ་ཐང་ནས་བཞུགས་སའི་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་པ། ཀྲུང་གོའི་དངུལ་གཏོང་སྒྲིག་གཞི། ཕྱི་འགྲིམས་སློབ་མའི་འཐུས་མི། ས་གནས་དེའི་མང་ཚོགས་བཅས་ཀྱིས་བགྲོད་ལམ་གཡས་གཡོན་དུ་དགའ་བསུ་ཞུས་པ་དང་། ལག་པས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ལ། “ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕེ་རུའི་འཚམས་འདྲིའི་བྱ་བ་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ”ཞེས་དང“ཀྲུང་གོ་དང་ཕེ་རུའི་མཛའ་བརྩེ་ཁྲི་ལོར་ཤོག”ཅེས་པའི་འཕྲེད་ཡིག་དམར་པོ་མཐོན་པོར་བསྒྲེངས་ནས། རྔ་སྦུག་རྡུང་ཞིང་བྲོ་འཁྲབ་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
པེ་ཅིང་ནས་ལི་མར་ཕེབས་པའི་ལམ་བར་དུ། ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་སི་ཕེན་གྱི་ཏཱ་ཅ་ན་ལི་གླིང་ཕྲན་དུ་བསྡད་པ་དང་། སི་ཕེན་ཀྲུང་དབྱང་སྲིད་གཞུང་ཅཱ་ན་ལི་རང་སྐྱོང་ལྗོངས་ཀྱི་དབང་འཛིན་འཐུས་མི་དང་ས་གནས་དེའི་མཐོ་རིམ་དཔོན་རིགས་གནམ་གྲུ་ཐང་དུ་ཡོང་ནས་དགའ་བསུ་དང་སྐྱེལ་མ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注