སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་ལྔ་པས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིར་སྐོར་ཞིབ་བྱས་པའི་གནས་ཚུལ་གཅིག་སྡུད་སྒོས་ཚུར་ལན་སྤྲད།

 ཟླ10བའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚན་ཆུང་གིས་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་ལྔ་པས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིར་གཅིག་སྡུད་སྒོས་ཚུར་ལན་སྤྲོད་པའི་ཚོགས་འདུ་བསྡུས། ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རེས་སྐོར་ལྔ་པའི་སྐོར་ཞིབ་གནས་ཚུལ་གྱི་སྙན་ཞུར་ཉན་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐོར་ཞིབ་བྱེད་སྐབས་ཐོན་པའི་འབུར་ཐོན་གནད་དོན་བརྡ་ཁྱབ་བཏང་ཞིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མེས་ཕེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ལིའུ་མེས་ཕེན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིའི་ཏང་ཨུ་ཡིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པ་དང་། ཀུང་སིའི་བཅོས་སྐྱོང་གྲུབ་ཆའི་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ཁྲིམས་བཀོད་གོ་གནས་ཆེ་རུ་གཏོང་བ།  ཏང་འཛུགས་སྐྲུན་ལས་དོན་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཨུ་ཡིས་ཁ་ཕྱོགས་དམ་འཛིན་དང་སྤྱི་ཡོངས་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་འགོ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། ལམ་ལུགས་འཛུགས་སྐྲུན་དང་ལམ་ལུགས་ལག་བསྟར་བྱེད་པར་མཐོང་ཆེན་བྱས་ཏེ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་དོ་དམ་དང་ཁེ་ལས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྩ་བའི་དགོངས་གཞི་ནན་མོ་དང་། བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། སྐོར་ཞིབ་ཀྱི“མཇུག་མཐའི་ལས་དོན”ནན་ཏན་སྒོས་ཡག་པོར་བསྒྲུབ་དགོས།  སྐོར་ཞིབ་དག་ཐེར་བྱེད་པའི་གོ་སྐབས་ལ་བརྟེན་ནས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིའི་ལས་དོན་སྣ་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ལིའུ་ཁྲའོ་ཡིས་སྐོར་ཞིབ་བྱ་ཡུལ་ཁེ་ལས་ཀྱི་ཏང་ཨུ་ཡིས་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་འཁུར་ཏེ། སྐོར་ཞིབ་དག་ཐེར་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྒྲིག་སྲོལ་དང་ལམ་ལུགས་བཙུགས་ཏེ། ལམ་སྲོལ་གྱི་ཞན་ཆ་གསབ་པ་དང་། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ།  ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་འགྱུར་བར་བྱེད་དགོས་པ། ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། འགག་རྩའི་ལས་གནས་དང་མི་སྣ་གལ་ཆེན།   ལྷག་པར་དུ“གཙོ་འགན་འཁུར་མཁན”བཅས་ལ་སློབ་གསོའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།  བཅོས་སྒྱུར་ཟབ་སྤེལ་དང་། ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཏེ། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུ་ཡིས་མཛུབ་སྟོན་ལྟ་སྐུལ་ལ་ཤུགས་བསྣན་ནས་དག་ཐེར་ཡོ་བསྲང་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་བ་བཅས་ཀྱི་བླང་བྱ་བཏོན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号