ཀྲའོ་ལི་ཅི་ཡིས་ལིའོ་ཉིང་དུ་རྟོག་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ10པའི་ཚེས21ཉིན་ནས་ཚེས24ཉིན་བར་ལིའོ་ཉིང་དུ་རྟོག་ཞིབ་མཛད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བ་ཞིག་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་བྱེད་ལ། འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལག་བསྟར་བཟང་པོ་བྱེད་དགོས་ཞེས་གསུངས།

ཀྲའོ་ལི་ཅི་སྔ་ཕྱིར་ཏན་ཏུང་དང་། ཏཱ་ལེན། ཧྲིན་དབྱང་སོགས་ལ་ཕེབས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་ཕེབས་ནས་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།  ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་རིམ་པ་སོ་སོའི་དམངས་ཆེན་གྱིས་བྱ་བ་ལེགས་པོར་བསྒྲུབ་པའི་ངེས་སྦྱོང་བསླབ་ཚན་དང་རྩ་བའི་ཤེས་བྱ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་དང་དམངས་ཆེན་བྱ་བའི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་ཐད་ཀྱི་དགོངས་པ་གལ་ཆེན་གྱི་དོན་སྙིང་དང་ནང་དོན་གཙོ་བོའི་མཐིལ་རྟོགས་པ་དང་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་བསྟན་དོན། དམངས་ཆེན་གྱིས་ལག་ལེན་ཁྲོད་དུ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་དགོངས་པ་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་ནས་རྒྱལ་ཁབ་ཀྱི་འདོད་བློ་དང་མི་དམངས་ཀྱི་ཐུན་མོང་འགུལ་སྐྱོད་དུ་འགྱུར་བར་ཁག་ཐེག་བྱེད་པ་དང་། ཏང་གི་གཞུང་ལུགས་དང་ལམ་ཕྱོགས།   བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་བཅས་རྒྱལ་ཁབ་ཀྱི་བྱ་བའི་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས།  ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གཙོ་གནད་འབུར་དུ་ཐོན་པ་བཅས་རྒྱུན་འཁྱོངས་བྱེད་ཅིང་། དམངས་ཆེན་གྱི་འགན་ནུས་དང་ལས་འགན་ལ་རྐང་འཛུགས་པ་དང་། བྱ་བ་སོ་སོར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་བྱ་གཞག་གི་ཁྱོན་ཡོངས་ཁྲོད་དམངས་ཆེན་གྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་དགོས། ཁྲིམས་ལྟར་ལས་འགན་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་བཀོད་ལས་འགན་གྱི་ཁྱབ་ཁོངས་ནང་། ཁྲིམས་བཀོད་གོ་རིམ་ལྟར་བྱ་བ་བསྒྲུབ་དགོས། དངོས་ཐོག་བདེན་འཚོལ་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས། དམངས་ཆེན་བྱ་བའི་སྤུས་ཚད་ཇེ་ལེགས་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ས་གནས་དམངས་ཆེན་གྱིས་ས་གནས་ཏང་ཨུས་ཏང་ཀྲུང་དབྱང་གི་ཇུས་ཆེན་བྱེད་ཕྱོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་གཞིགས་པ་དང་། དངོས་ཡོད་དང་ཟུང་འབྲེལ་བྱས་ནས་བྱ་བ་བསྒྲུབ་སྟེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བཅོས་སྒྱུར་འགག་སྒྲོལ་ལས་འགན་བསྒྲུབ་པར་རོགས་ཤུགས་འདོན་དགོས་ཞེས་གསུངས།

ཟླ10པའི་ཚེས21ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ལིའོ་ཉིང་དུ་རྟོག་ཞིབ་མཛད། འདི་ནི་ཟླ10པའི་ཚེས21ཉིན། ཀྲའོ་ལི་ཅི་ཡིས་ཏན་ཏུང་དུ་རྟོག་ཞིབ་མཛད་སྐབས་ཞིང་བའི་ཁྱིམ་ཚང་ནས་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་མཛད་པའི་རྣམ་པ་རེད།

ཟླ10པའི་ཚེས21ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ལིའོ་ཉིང་དུ་རྟོག་ཞིབ་མཛད། འདི་ནི་ཟླ10པའི་ཚེས23ཉིན། ཀྲའོ་ལི་ཅི་ཡིས་ཧྲིན་དབྱང་དུ་སྡེ་ཁུལ་གྱི་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ས་ཚིགས་ལ་རྟོག་ཞིབ་མཛད་སྐབས་དམངས་ཆེན་འཐུས་མི་དང་བརྗེ་རེས་ཟབ་མོ་གནང་བའི་ཚུལ་རེད།  

ཀྲའོ་ལི་ཅི་ད་དུང་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་དང་སྡེ་ཁུལ་གྱི་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ས་ཚིགས། ཁེ་ལས་དང་གྲོང་གསེབ། ཞིང་ཁྱིམ་བཅས་ལ་སོང་ནས། དམངས་ཆེན་འཐུས་མི་དང་མང་ཚོགས་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས། ཁོས་བསྟན་དོན། དམངས་ཆེན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱིས་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་གལ་ཆེན་གྱི་ཐེག་གནས་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས། ཁྲིམས་ལྟར་ལས་འགན་བསྒྲུབ་པའི་བྱ་བ་སྣ་ཚོགས་ཁྲོད་རང་རྟོགས་སྒོས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་དགོས། དམངས་ཆེན་གྱི་དམངས་གཙོའི་དམངས་འདོད་མཚོན་པའི་སྟེགས་བུ་དང་ཐེག་གནས་འཐུས་ཚང་དུ་གཏོང་བ་དང་། དམངས་ཀྱི་འདོད་བློ་སྡུད་ལེན་དང་དམངས་ཀྱི་བློ་གྲོས་གཅིག་འདུས་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་བཙུགས་ཏེ། དམངས་ཆེན་བྱ་བའི་དམངས་འདོད་རྨང་གཞི་སྲ་བརྟན་གཏོང་དགོས། འབྲེལ་བ་གཉིས་གཙོ་བོར་བཟུང་ནས། འཐུས་མིས་ཁྲིམས་ལྟར་ལས་སྒྲུབ་ཁག་ཁུར་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། འཐུས་མིས་ལས་སྒྲུབ་ཁག་ཁུར་བྱེད་པ་དང་བྱ་འགུལ་སྤེལ་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཆེན་གྱི་བཀོད་སྒྲིག་དང་རྩ་འཛུགས་འོག ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་བྱ་བ་བསྒྲུབ་དགོས། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་དང་འཐུས་མིའི་ས་ཚིགས། གཞི་རིམ་ཏང་འཛུགས་སྟེགས་བུ་དང་སྡེ་ཁུལ་གྱི་ཞབས་ཞུའི་ལྟེ་གནས་སོགས་མཉམ་འདྲེས་འཛུགས་སྐྲུན་དང་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། སྟོབས་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས་ཞེས་གསུངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号