མི5ཤི་བ་དང་མི22ལ་རྨས་ཕོག་འདུག
10པའི་ཚེས24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཕྱི་ཕྱོགས་སྨྱན་སྦྱོར་གྱི་གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཐུར་ཁེའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་བཟོ་ལས་ཀུང་སིར་ཚེས23ཉིན་འཇིགས་སྐུལ་གྱི་འཇབ་རྒོལ་བྱུང་ནས་ཉུང་མཐར་ཡང་མི5རྐྱེན་ལམ་དུ་ཤོར་བ་དང་མི22ལ་རྨས་ཕོག་ཡོད། ཀྲུང་གོའི་ཕྱོགས་ལ་འདིའི་ཐད་དཔྱད་བརྗོད་གང་ཞིག་ཡོད་དམ་ཞེས་དྲིས།
ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ང་ཚོས་ད་ཐེངས་ཀྱི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་དང་རྨས་མར་འཚམས་འདྲི་ཞུ་རྒྱུ་ཡིན། མཛའ་མཐུན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེར་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注