ཟླ10པའི་ཚེས22ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕིན་ཆིན་་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲོས་མིའི་དཔྱད་གླེང་འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ། ཁོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཁག་དང་ཁྲིམས་འཛུགས་སྒྲིག་གཞི་བར་མཉམ་ལས་དམ་ཟབ་བྱས་ཏེ། མཉམ་དུ་གོང་འཕེལ་དར་རྒྱས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་ཁྲིམས་སྐྱོང་དང་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་འདོད་ཡོད་ཅེས་གསུངས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ5དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ9ནས་ཡོང་བའི་གྲོས་མི་དང་གྲོས་ཚོགས་ཀྱི་ལས་དོན་མི་སྣ60ལྷག་བགྲོ་གླེང་ནང་ཞུགས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号