ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་ཉིན་རེའི་ཚགས་པར་སྤེལ་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ10པའི་ཚེས17ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་མཚོ་སྔོན་ཉིན་རེའི་ཚགས་པར་སྤེལ་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་བླང་བྱ་བཏོན།

ཁྲིན་ཀང་གིས་བསྟན་དོན། ལོ་ངོ75ཡི་རིང་ལ། མཚོ་སྔོན་ཉིན་རེའི་ཚགས་པར་ནི་ཞིང་ཆེན་ཏང་ཨུའི་ལས་ཁུངས་ཀྱི་ཚགས་པར་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་ཚགས་པར་གྱི་རུས་མིང་ཏང་ཡིན་པ་དང་ཆབ་སྲིད་པས་ཚགས་པར་གཉེར་བའི་རྩ་དོན་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གཉེར་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ།    ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་།  བརྩེ་སེམས་ཆེན་པོས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བརྗོད་ནས།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།  ཚགས་པར་སྤེལ་ནས་ལོ75འཁོར་བ་འགོ་འཛུགས་ས་གསར་པར་བྱེད་པ་དང་།  ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་བློ་བརྟན་འགྱུར་མེད་ངང་སྒྲུབ་པ་དང་།  གཙོ་ཤུགས་དམག་ཡག་པོ་བྱེད་པ་དང་གཡུལ་ས་གཙོ་བོ་ཡག་པོར་སྲུང་བ། དུས་རབས་གསར་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་བཅས་བྱས་ཏེ།  མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དྲིལ་བསྒྲགས་ཡག་པོ་བྱེད་པ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་དྲོ་བ། སེམས་མཐུན་ཤུགས་སྐྱེད་བཅས་བྱས་ནས།  ཀྲུང་གོའི་ལུགས་ཀྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བའི་རེ་བ་བཅངས་ཡོད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ཚགས་པར་སྤེལ་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཞིང་ཆེན་ཏང་ཨུའི“ལས་བྱེད་པས་སྒྲུབ་དགོས་པ་དང་། རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ” བཅས་ཀྱི་བྱ་བའི་བླང་བྱ་དང“ལོ་གཅིག་ལ་སྒྲུབ་ན་ལོ་གསུམ་ལ་བལྟ་བའི”བྱ་བའི་རྣམ་འགྱུར་བཅས་གཞིར་བཟུང་སྟེ། གསར་འགྱུར་དྲིལ་བསྒྲགས་ཀྱི་མདུན་གྲལ་དུ་མུ་མཐུད་དུ་ལངས་ནས་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བརྗོད་པ་དང་། མཚོ་སྔོན་གྱི་འབོད་སྒྲ་བརྒྱུད་བསྒྲགས་བྱེད་པ། མཚོ་སྔོན་གྱི་གཟུགས་བརྙན་ངོམས་པ་བཅས་བྱེད་དགོས། ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་དོ་དམ་བྱེད་པའི་རྩ་བའི་རྩ་དོན་གཞིར་བཟུང་སྟེ།  ཆབ་སྲིད་པས་ཚགས་པར་དང་དུས་དེབ། གླེང་སྟེགས། དྲ་བ་བཅས་སྒྲུབ་གཉེར་བྱེད་པར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་།   གཙོ་ཤུགས་དམག་གི་གཏིང་ཟབ་པའི་གཡུལ་སའི་ལས་འགན་གཙོ་བོར་དམིགས་པ།  སྤོབས་པ་ཞུམ་མེད་ཀྱིས་མདུན་དུ་སྐྱོད་པའི་སྐྱོད་ལམ་གསར་པའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།  བཅོས་སྒྱུར་ཟབ་སྤེལ་བྱེད་པའི་འགག་རྩའི་བྱེད་ཐབས་བེད་སྤྱོད་ཡག་པོ་བྱེད་པ།  སྨྱན་བྱད་གཙོ་བོའི"སྣེ་འདྲེན"གསར་པ་མགྱོགས་མྱུར་ངང་བྱེད་པ། ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་སྲོག་ཤིང་སྟོབས་ཤུགས་ཁོང་དུ་ཆུད་པར་བྱེད་པ། བྱང་ཚད་མཐོ་བའི་གསར་འགྱུར་སྒྲོག་སྤེལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།  དྲིན་གཟོའི་བསམ་པ་དང་།  གུས་སྐྲག་གི་བསམ་པ། འགན་འཁྲིའི་བསམ་པ་བཅས་རྒྱུན་འཛིན་བྱས་ནས།  ཏང་གི་གསར་འགྱུར་ལས་དོན་གྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་ཚོགས་འདུར་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཡོན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་ཀྲུང་གོ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་ཏེ། ཚགས་པར་ཁང་གི་ཕུལ་བྱུང་སྨྱན་བྱད་མི་སྣར་གཟེངས་བསྟོད་བྱས་པ་དང་། ཚགས་པར་ཁང་གི་བློ་མཐུན་རྒན་པ་དང་། གསར་འགོད་པ།  རྩོམ་སྒྲིག་པ། ཀློག་པ་པོའི་འཐུས་མི་བཅས་ཀྱིས་གཏམ་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号