ཞི་ཅིན་ཕིང་གིས་མེ་ཤུགས་འཕུར་མདའི་དམག་དཔུང་གི་སྟོང་ཤོག་ག་གེ་མོ་ལ་གཟིགས་ཞིབ་གནང་།

ཟླ10པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མེ་ཤུགས་འཕུར་མདའི་དམག་དཔུང་གི་སྟོང་ཤོག་ག་གེ་མོ་རུ་ཕེབས་ནས་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་སྟོང་ཤོག་དེའི་དམག་དཔུང་ལོ་རྒྱུས་བར་ཁྱམས་ལ་གཟིགས་ཞིབ་གནང་བཞིན་པའི་རྣམ་པ་རེད།

ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མེ་ཤུགས་འཕུར་མདའི་དམག་དཔུང་གི་སྟོང་ཤོག་ག་གེ་མོ་རུ་ཕེབས་ནས་གཟིགས་ཞིབ་གནང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་།  དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ།    འཐབ་ཇུས་འཕུར་མདེལ་དམག་དཔུང་འཛུགས་སྐྲུན་དང་དམག་འཐབ་བེད་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ།    ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ།    འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།    དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་སྒྲུབ་པ།    དཔུང་སྡེ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    འཐབ་ཇུས་ཀྱི་ཟིལ་གནོན་དང་དངོས་འཐབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་བསྩལ་པའི་ལས་འགན་སྣ་ཚོགས་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་ཞེས་ནན་གྱིས་གསུངས།

སྟོན་ཟླ་བཅུ་པར་འབྲི་ཆུ་དང་ཧོའེ་ཆུའི་ཡུལ་ལྗོངས་ལྟ་ན་སྡུག   སྔ་དྲོའི་ཆུ་ཚོད11ཙམ་ལ། ཞི་ཅིན་ཕིང་མེ་ཤུགས་འཕུར་མདའི་དམག་དཔུང་གི་སྟོང་ཤོག་ག་གེ་མོ་རུ་ཕེབས་ནས། ཐོག་མར་སྟོང་ཤོག་དེའི་དམག་དཔུང་ལོ་རྒྱུས་བར་ཁྱམས་ལ་གཟིགས་ཞིབ་གནང་།     སྟོང་ཤོག་དེ་ནི་ལོ་ངོ50ལྷག་ཙམ་གྱི་གཟི་བརྗིད་ཀྱི་ལོ་རྒྱུས་ལྡན་པའི་འཐབ་ཇུས་འཕུར་མདེལ་དམག་དཔུང་ཞིག་རེད།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།    སྟོང་ཤོག་དེས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་འོག བློ་བརྟན་འགྱུར་མེད་ངང་དར་ཆ་མཐོན་པོར་བསྒྲེངས་ནས་བླ་སྲོག་བསྐྲུན་པ་དང་། དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་འགྲུབ་བྱས།   དཔུང་སྡེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་དུས་རབས་གསར་པའི་ཕྱོགས་ཡོངས་འཛུགས་སྐྲུན་གྱི་འགྲེམས་པང་མདུན་དུ། ཞི་ཅིན་ཕིང་གིས་དཔོན་དམག་ཚོས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་།    དམག་སྦྱོང་དམག་གྲབས་དམ་འཛིན།    སྲོལ་རྒྱུན་བཟང་པོ་དར་སྤེལ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།

ཟླ10པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མེ་ཤུགས་འཕུར་མདའི་དམག་དཔུང་གི་སྟོང་ཤོག་ག་གེ་མོ་རུ་ཕེབས་ནས་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་སྒྲིག་ཆས་ལག་ལེན་དང་སྦྱོང་བརྡར་གནས་ཚུལ་གཟིགས་ཞིབ་གནང་ནས་དཔོན་དམག་ཚོ་དང་ལྷན་དུ་བསམ་བློ་བརྗེ་རེས་གནང་བཞིན་པའི་ཚུལ་རེད།

སྦྱོང་བརྡར་ར་བའི་ནང་དུ་འཕུར་མདའ་ག་གེ་མོ་ཞིག་གྲལ་འགྲིག་པོར་བསྒྲིགས་ཡོད།     དེ་ནི་སྟོང་ཤོག་འདིའི་གསར་དུ་བརྗེས་པའི་གཙོ་འཐབ་གོ་མཚོན་སྒྲིག་ཆས་རེད། ཞི་ཅིན་ཕིང་དེ་གར་ཕེབས་ནས་གོ་མཚོན་སྒྲིག་ཆས་ཀྱི་ལག་རྩལ་དང་འཐབ་རྩལ་ནུས་པའི་ངོ་སྤྲོད་ལ་གསན་པ་དང་། དཔོན་དམག་གི་བཀོལ་སྤྱོད་དང་སྦྱོང་བརྡར་གནས་ཚུལ་ལ་གཟིགས་ཞིབ་གནང་།     དཔོན་དམག་གི་བཀོལ་སྤྱོད་བྱང་ཆུབ་པ་དང་།    སྦྱོང་བརྡར་བྱང་ཆུབ་པ།    དམག་མིའི་དཔའ་སེམས་མཐོ་བ་བཅས་མཐོང་སྐབས་ཞི་ཅིན་ཕིང་དགའ་ཚོར་ཆེན་པོ་བྱུང་།     ཁོང་གིས་དཔོན་དམག་དང་ལྷན་དུ་དྲན་རྟེན་འདྲ་པར་བསྐྱོན་པ་དང་། ཚང་མར་སྙིང་རུས་ཆེན་པོས་སྦྱོང་བརྡར་དང་།    ཚན་རིག་དང་མཐུན་པའི་སྦྱོང་བརྡར།    བདེ་འཇགས་ལྡན་པའི་སྦྱོང་བརྡར་བཅས་བྱས་ཏེ། ལག་གི་མཚོན་ཆ་བྱང་ཆུབ་པ་དང་བེད་སྤྱོད་ཡག་པོ་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བའི་སྐུལ་ལྕག་གནང་།

དེའི་རྗེས།   ཞི་ཅིན་ཕིང་གིས་སྟོང་ཤོག་དེའི་བྱ་བའི་སྙན་ཞུར་གསན་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དམག་དཔོན་ཁྲོད་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་།    རིམ་པ་དེ་གའི་ཏང་ཨུ་དང་འགོ་ཁྲིད་ལས་བྱེད་པ་འབུར་དུ་ཐོན་པར་བྱས་ནས།    དཔུང་སྡེའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ།    ཆབ་སྲིད་ཀྱི་སྒྲིག་སྦྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་བྱེད་དགོས།    ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་གཏིང་ཟབ་ཏུ་གཏོང་བ།    བསམ་བློ་ཆབ་སྲིད་ཀྱི་བྱ་བ་དེ་འཕེན་གཏོང་སྟེགས་བུའི་འོག་ཏུ་དོན་འཁྱོལ་བཅས་བྱས་ནས། དམག་དཔུང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ཐུབ་པར་ཁག་ཐེག་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་།    ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ།    སྟོང་ཤོག་གི་ཏང་ཨུའི་འགོ་ཁྲིད་ནུས་པ་དང་།    རྩ་འཛུགས་ཀྱི་ནུས་པ།    ལག་བསྟར་ནུས་པ་བཅས་མཐོ་རུ་གཏོང་དགོས།     གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།    རྩ་འཛིན་གཞིར་བཟུང་ནས་འཛུགས་སྐྲུན་ལ་དམ་འཛིན་དང་དཔོན་དམག་གི་སྣེ་ཁྲིད་དེ་ལས་འགན་སྒྲུབ་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ།    དཔུང་སྡེ་འཛུགས་སྐྲུན་དང་འཐབ་ནུས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས།   བསམ་བློའི་རྩ་བ་དམ་འཛིན་བྱས་ནས་གྲོས་བསྡུར་དང་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་པ་དང་། དཔོན་དམག་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།     རིམ་པ་སོ་སོའི་ཏང་ཨུ་དང་ལས་ཁུངས་ཀྱིས་བྱ་བར་མཛུབ་ཁྲིད་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་།    སྤྱི་འདོམས་མཐུན་སྦྱོར་ཡག་པོ་བྱེད་པ།    “མང་པོ་ལྔའི”གནད་དོན་མུ་མཐུད་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་།    ལྷག་བསམ་ཟོལ་མེད་ངང་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་ཏེ། ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  སེམས་ཁྲལ་གྱི་འདུ་ཤེས་དང་ཉམས་ཉེན་གྱི་འདུ་ཤེས།    གཡུལ་འགྱེད་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། དམག་སྦྱོང་དང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། དཔུང་སྡེའི་དམག་འཐབ་ནུས་པ་ཏན་ཏིག་གིས་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་དང་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་དགོས།  དེང་རབས་ཀྱི་དམག་འཁྲུག་རྣམ་པ་དང་དམག་འཐབ་བྱེད་སྟངས་ཀྱི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་། དམག་འཐབ་ལས་འགན་དང་དམག་འཐབ་འགྲན་ཡ།    དམག་འཐབ་ཁོར་ཡུག་བཅས་ལ་དམ་པོར་དམིགས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གོ་མཚོན་གསར་པ་དང་།    རྩལ་ནུས་གསར་པ།    དམག་འཐབ་བྱེད་ཐབས་གསར་པ་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་།    དཔེ་མཚོན་བྱ་སྤྱོད་ཀྱི་ཆེད་དམིགས་སྦྱོང་བརྡར་ལ་ཤུགས་སྣོན་དགོས།     ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་མ་ལག་དང་དངོས་འཐབ་ཀྱི་ནུས་པ་ཆགས་པ་བྱེད་དགོས།     དོན་དངོས་ལ་གཞི་ཚུགས་ཏེ་བྱ་བ་ཧུར་ཐག་གིས་སྒྲུབ་པ་དང་།    འཐབ་ཇུས་སྟོབས་ཤུགས་བཀོལ་སྤྱོད་བྱེད་སྟངས་དང་རྩ་འཛུགས་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་པ།    ལག་ཏུ་ཡོད་པའི་གོ་མཚོན་གྱི་འཐབ་ཇུས་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས།

ཀྲང་ཡུག་ཞཱ་སོགས་བྱ་འགུལ་དུ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号