ཝང་ཧུའུ་ཉིང་གིས་ཀྲེ་ཅང་དུ་རྟོག་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས15ནས17ཉིན་བར་ཀྲེ་ཅང་དུ་རྟོག་ཞིབ་བྱས།   ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།    འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་པ།    དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་དང་།    ཐུན་མོང་ངོས་འཛིན།    བློ་གྲོས།    སྟོབས་ཤུགས་བཅས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས།

ཉིང་པོ་གྲོང་ཁྱེར་རུ་ཝང་ཧུའུ་ཉིང་གིས་ཐེན་དབྱི་ཀེ་རྟེན་མཛོད་ཁང་དང་ཉིང་པོ་ཤོག་ཁག་རྟེན་མཛོད་ཁང་དུ་རྟོག་ཞིབ་བྱས། ཁོང་གིས་བསྟན་དོན། ལོ་རྒྱུས་རིག་གནས་ཀྱི་ནུས་སེམས་གཅིག་སྒྲིལ་གྱི་ནུས་པ་འདོན་སྤེལ་བྱས་ནས། མི་རྣམས་ལ་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བྱས་རྗེས་འཇོག་པར་སྟོབས་ཤུགས་འབུལ་དགོས། ཉིང་པོའི་ཀྲོའུ་ཧྲན་གྲུ་ཁ་དང་ཁྲོན་ཧྲན་གྲུ་ཁ། ཐའེ་ཝན་གྱི་འབྲེལ་ཡོད་ཁེ་ལས་ལ་རྟོག་ཞིབ་གནང་སྐབས།    ཁོང་གིས་རྒྱལ་ཁབ་ཀྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གསར་པ་དང་བྱེད་ཐབས་གསར་པ་མང་པོ་བཏོན་ནས། ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་གྱི་ཁེ་ལས་སྔར་ལས་མང་བོ་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཁྲོད་ཞུགས་པ་དང་། མེས་རྒྱལ་གྱི་སྐམ་ས་ཆེན་མོའི་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཞེས་བསྟན།

ཝུན་ཀྲོའུ་གྲོང་ཁྱེར་དུ་ཝང་ཧུའུ་ཉིང་ལུའུ་ཁྲིན་ཁུལ་ལྷོ་འདབས་སྲང་ལམ་གྱི་སན་པན་ཆའོ་སྡེ་ཁུལ་དང་། ཝུན་ཀྲོའུ་གྲོང་ཁྱེར་མུའུ་སི་ལིན་གྱིས་ཕྱག་འཚལ་སར་སོང་ནས་རྟོག་ཞིབ་བྱས།  ཁོང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་གཙོ་ཐིག་ཏུ་བྱས་ནས། སྡེ་ཁུལ་འཛུགས་སྐྲུན་ཏན་ཏིག་བྱེད་པ་དང་།    ནུས་ལྡན་སྒོས་སྡེ་ཁུལ་ལ་ཞབས་འདེགས་ཞུ་བ།    སྡེ་ཁུལ་གྱི་ཕུན་སུམ་ཚོགས་པའི་བྱ་འགུལ་བཅས་བརྒྱུད་དེ། རིགས་སོ་སོའི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།     ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་།    ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་དང་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་དོ་དམ་ལ་ཤུགས་སྣོན་དགོས།     ཝུན་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་།    འཛམ་གླིང་ཝུན་ཀྲོའུ་པའི་ཁྱིམ་གཞིས།    སཱན་ཡང་བརླན་ས་བཅས་ལ་སོང་ནས་རྟོག་ཞིབ་བྱེད་སྐབས་ཁོང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ལས་སྟེགས་དང་གཡུལ་སར་མཐོང་ཆེན་བྱས་ནས། རྒྱ་ཆེའི་ཞང་ཀང་གི་སྤུན་ཟླ་དང་ཨའོ་མིན་གྱི་སྤུན་ཟླ།    ཐའེ་ཝན་གྱི་སྤུན་ཟླ།    ཕྱིར་སྡོད་སྤུན་ཟླ་བཅས་ལ་མཐུན་སྒྲིལ་དང་ཞབས་འདེགས་ཡག་པོ་ཞུས་ཏེ། ལག་གདང་སྦྲེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྟེ་མཐུན་སྒོར་དབྱིབས་ཆེན་པོ་འབྲི་དགོས།

ཝང་ཧུའུ་ཉིང་ད་དུང་ཉིང་པོ་གྲོང་ཁྱེར་དབྱིན་ཀྲོའུ་ཁུལ་སྲིད་གྲོས་ལས་ཁུངས་དང་།    ཝུན་ཀྲོའུ་གྲོང་ཁྱེར་གྱི་སྲིད་གྲོས་ལས་ཁུངས་སུ་སོང་ནས་རྟོག་ཞིབ་བྱས།   ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར།    གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།    འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ།    ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།    གྲོས་མོལ་སྲིད་གླེང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་བཅས་བྱེད་དགོས།

ཧྲི་ཐའེ་ཧྥིན་གྱིས་མཉམ་དུ་རྟོག་ཞིབ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号