ཝུའུ་ཞའོ་ཅུན་གྱིས་དངུལ་རྩས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་བྱས།

ཟླ10ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་དངུལ་རྩས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་བར་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དངུལ་རྩས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྔར་ལས་དོན་འཁྱོལ་བྱེད་པ་དང་། དངུལ་རྩའི་ཞབས་ཞུ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་གཞི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར“དངུལ་རྩའི་གསོན་ཤུགས”སྩོལ་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་སྔ་རྗེས་སུ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་། བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་སུ་སོང་ནས། དངུལ་རྩས་རྒྱབ་སྐྱོར་བྱེད་པའི་ལས་གཞི་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན།  ལྗང་མདོག་དངུལ་རྩ་དང་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད།  དངུལ་ཁང་སོ་སོས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས།

ཁོས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་ཤུགས་བསྣན་ནས། ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་པོ་བསུས་ཡོད།  ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་སོ་སོས་རང་འགུལ་ངང་འགན་འཁུར་བ་དང་གསར་གཏོད་བྱས་རྗེས་འཇོག་པ། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་སྒུལ་ཤུགས་སུ་བརྩིས་ནས། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བར་ཤུགས་སྣོན་པ། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

དེའི་རྗེས་སུ་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་དངུལ་རྩས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་དངུལ་རྩའི་སྒྲིག་གཞིའི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་ལས་དོན་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། ང་ཚོས་དངུལ་རྩའི་ལས་དོན་ཡག་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། དངུལ་རྩས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་ལངས་གནས་ཏན་ཏིག་གིས་ཇེ་མཐོར་བཏང་ནས། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། སྲིད་ཇུས་རབ་དང་རིམ་པའི་སྣེ་ཁྲིད་རང་བཞིན་དང་། གནད་སྨིན་རང་བཞིན། སྤྱི་འདོམས་རང་བཞིན་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། གསོག་འཇོག་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱེད་པ། སྟོབས་ཤུགས་མཉམ་འདོན་དང་མཉམ་ཤུགས་ཆགས་པར་བྱེད་པ། སྲིད་ཇུས་སྣ་ཚོགས་ཀྱི་མཐུན་སྦྱོར་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། དངུལ་རྩས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་དོན་དངོས་གཞིར་བཟུང་སྟེ།  གལ་ཆེན་གཉིས་དང་གསར་པ་གཉིས་ཀྱི་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། མཐོ་ས་དང་གནས་བཞི་འཛུགས་སྐྲུན། ས་ཁང་བདག་ཁོངས་ཁྲོམ་ར་སླར་གསོ་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ། དངུལ་རྩའི“ལས་དོན་ཆེན་པོ་ལྔ”ཡག་པོར་སྒྲུབ་པ།  མ་རྩའི་ཁྲོམ་ར་ཆེ་རུ་གཏོང་བ་སོགས་ཀྱི་གཙོ་གནད་ལ་དམ་པོར་དམིགས་པ། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ཏེ། སྲིད་ཇུས་ཀྱི་ཕན་འབྲས་ཆེན་པོ་ཐོན་པར་བྱེད་དགོས། དངུལ་རྩས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་འཁུར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་དངོས་གནས་ཆེ་རུ་གཏོང་བ། ལས་དོན་གྱི་སྔོན་མཐོང་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་བ། དཔལ་འབྱོར་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་ཤུགས་ཆེན་པོས་ཐག་གཅོད་བཅས་བྱས་ཏེ། སྲིད་ཇུས་ཀྱི་ཁྱབ་རྒྱ་དང་ཕན་པ་ཐོབ་ཚད་ཧུར་ཐག་གིས་ཆེ་རུ་གཏོང་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཚན་སོ་སོས་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་སྔོན་དུ་དངུལ་རྩའི་སྒྲིག་གཞིའི་གཉེར་སྐྱོང་འཕེལ་རྒྱས་ལ་ཆ་རྐྱེན་བཟང་པོ་བསྐྲུན་དགོས།

ལིའུ་ཁྲའོ་མཉམ་དུ་རྟོག་ཞིབ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号