ལིས་ཆང་གིས་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ས་གནས་དེའི་དུས་ཚོད་ཟླ10པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་ཏུ་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལིས་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲ་ཨར་ཏ་ལིས་ལ་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་གནང་། ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕཱ་ཁི་སི་ཐན་ཕྱོགས་ཀྱི་འགོ་ཁྲིད་པའི་བར་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཉིན་བཞིན་ཇེ་ཟབ་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ཅིང་། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཚོན་བྱེད་རང་བཞིན་གྱི་བཟོ་བསྐྲུན་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་འབྲེལ་བ་དང་མཉམ་ལས་བྱ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་ཕ་ཁི་སི་ཐན་གྱི་ཀྲུང་གོའི་མི་སྣ་དང་། ལས་ཁུངས་དང་རྣམ་གྲངས་བདེ་འཇགས་ལ་ཁག་ཐེག་བྱེད་པར་ཡིད་ཆེས་ཡོད་ཅེས་བསྟན།

ཀྲ་ཨར་ཏ་ལིས་ཀྱིས་ལིས་ཆང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་བྱས། ཀྲ་ཨར་ཏ་ལིས་ཀྱིས་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བསྐྲུན་པར་སྐུལ་འདེད་གཏོང་ཞིང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་རྒྱུ་ཡིན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ནུས་ཤུགས་ཡོད་ཚད་བཏོན་ནས་ཕཱ་ཁི་སི་ཐན་གྱི་ཀྲུང་གོའི་སྤྱི་དམངས་དང་། ལས་ཁུངས། རྣམ་གྲངས་བཅས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号