ལིས་ཞི་ཡིས་ཐེན་ཅིན་དུ་རྟོག་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཟླ10བའི་ཚེས14ཉིན་ནས་ཚེས16ཉིན་བར་ཐེན་ཅིན་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཏོན་པའི་བཀོད་སྒྲིག་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་སྔར་ལས་ལེགས་པའི་སྒོ་ནས་ཞབས་ཞུ་དང་འགན་ལེན་བྱེད་དགོས།

ལིས་ཞི་ཐེན་ཅིན་གྲུ་ཁའི་དོས་སྒམ་གྲུ་ཁ་གཉིས་པའི་ཀུང་ཟི་དང་། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་བཟོ་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིའི་ཐེན་ཅིན་རིག་ནུས་བཟོ་སྐྲུན་ཡན་ལག་ཀུང་ཟི། ཝུའུ་ཆིན་གྱི་པེ་ཅིང་དང་ཐེན་ཅིན་ཐོན་ལས་མཁར་གསར། ཐེ་ཁི་ཧྭ་ཐེ་ཅིན་ཝེ་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟི་བཅས་སུ་སོང་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བསམ་འཆར་དང་གྲོས་གཞིར་ཉན། ཁོས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་ལས་འགན་ཨང་དང་པོ་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གཏོད་པ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཏ་ཧོང་པའོ་བརླན་སའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལིས་ཞི་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ཐེན་ཅིན་སློབ་ཆེན་དང་ཐེན་ཅིན་མཐོ་རིམ་སློབ་གསོའི་ཚན་རྩལ་གསར་གཏོད་གླིང་དུ་ལིས་ཞི་ཡིས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གྲྭས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་བརྒྱག་པ་དང་། རྩ་བའི་དགོངས་གཞི་ནན་མོ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན། ཐེན་ཅིན་ལྷོ་ ཁུལ་ཧུའེ་ཀོན་སྡེ་བ་རུ་ལིས་ཞི་ཡིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

རྟོག་ཞིབ་སྐབས་སུ་ལིས་ཞི་ཡིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་གོམ་སྟབས་རྗེས་མའི་བྱ་བ་ཡག་པོ་སྒྲུབ་རྒྱུའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན། ཁོས་བསྟན་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཏང་གིས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཏང་གི་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུའི་ཐད་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་པས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ་དང་བྱས་རྗེས་ཧུར་ཐག་འཇོག་དགོས། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱེད་དགོས། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་ལྡན་རང་བཞིན་དང་གཅིག་བསྡུས་རང་བཞིན་ཟུང་འབྲེལ་བྱེད་པའི་སྒྲིག་ཁྲིམས་ཀྱི་སློབ་གསོའི་ལམ་སྲོལ་བཙུགས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། ལྟ་སྐུལ་གྱི་ཆེད་འགན་དང་གཞོགས་འདེགས་ཀྱི་འགན་འཁྲི་ལག་བསྟར་མཐར་ཕྱིན་བྱས་ཏེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། 

ལིས་ཞི་ད་དུང་ཀྲོའུ་ཨིན་ལའེ་དང་ཏིན་དབྱིན་ཁྲའོ་དྲན་གསོ་ཁང་དུ་སོང་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་གསར་བརྗེའི་སྔོན་བྱོན་པའི་བླ་ན་མེད་པའི་ཉམས་འགྱུར་ལ་སློབ་སྦྱོང་བྱས་ཏེ་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་དཔུང་སྟོབས་ཆེན་ཞིག་གཏོད་དགོས་པའི་བླང་བྱ་བཏོན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号