རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས།

ཚེས15ཉིན་རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཞུགས་འཐུས་མིས་བལྟས་ན། ལོ་བཅུའི་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དེ་དུས་རབས་གསར་པའི་རིག་རྩལ་ལས་དོན་དང་རིག་གནས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆར་གྱུར་ཡོད་པ་དང་། ལྷག་པར་དུ་ན་ནིང་དངོས་སུ་བཏོན་པའི་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་རིག་གནས་དང་རིག་རྩལ་གྱི་གནས་བབ་དང་ནུས་པ། དུས་རབས་གསར་པའི་རིག་རྩལ་ལས་དོན་གྱི་ལས་འགན་བཅས་རྒྱས་བཤད་གཏིང་ཟབ་གནང་བར་མ་ཟད། དུས་རབས་གསར་པའི་ཏང་གི་རིག་གནས་དར་ཆ་མཐོན་པོར་བསྒྲེངས་ཡོད། ལོ་འདི་དག་རིང་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་དཀྱིལ་སྙིང་ལ་དམ་པོར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་དུས་རབས་མཚོན་པ་དང་མི་དམངས་ལ་བརྩེ་སེམས་མཚོན་པར་བྱས་པ་དང་། རིག་རྩལ་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག

ཚོགས་ཞུགས་འཐུས་མིས་བསྟན་དོན། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཁྲིད་ཕྱོགས་བརྟན་པོར་འཛུགས་པ། གྲུབ་འབྲས་ལེན་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་ཕན་ཚུན་ཟུང་འབྲེལ་དང་།  བརྩམས་ཆོས་དམ་འཛིན་དང་ཁོར་ཡུག་དམ་འཛིན་ཕན་ཚུན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། རྩོམ་པ་པོ་དང་སྒྱུ་རྩལ་པ་མུ་མཐུད་དུ་འཚོ་བར་ཟབ་ཞུགས་བྱས་ནས་བརྩམས་ཆོས་ལེགས་ཤོས་གསར་རྩོམ་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་མཐའ་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་རིན་ཐང་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ་དང་།  རྒྱལ་ཁབ་སོ་སོའི་ཕུལ་བྱུང་རིག་གནས་གྲུབ་འབྲས་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་སྙིང་སྟོབས་མཚོན་པ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱེད་དགོས། ཏང་གིས་རིག་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་གང་ལེགས་བྱས་ཏེ། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་ཏན་ཏིག་གིས་འཁུར་དགོས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐེ་ཉིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས།

ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོའི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྩོམ་པ་པོ་དང་སྒྱུ་རྩལ་པའི་འཐུས་མི་བཅས་བསྡོམས་པས་མི་200ལྷག་ཚོགས་འདུར་ཞུགས།།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号