མཚོ་སྔོན་གྱིས་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་བསྒྱུར་ལ་ཏན་ཏིག་སྒོས་སྐུལ་སྤེལ་བཏང་སྟེ། གཞི་རྩའི་སྨན་བཅོས་ཞབས་ཞུ་དེ“གྲངས་ཀྱི་འཕར་ཚད”ནས“སྤུས་ཀའི་མཐོར་འདེགས”སུ་བསྒྱུར་བར་སྐུལ་འདེད་བཏང་།

ཉེ་སྔོན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་བསྒྱུར་གཏོང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པའི་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་སྲོག་ཤིང་དུ་འཛིན་པ་དང་ནད་ཐོག་སྨན་བཅོས་རིན་ཐང་ཁྲིད་ཕྱོགས་སུ་བྱེད་པ། སྨན་བཅོས་ལས་དོན་འཕེལ་རྒྱས་ཀྱི་ཆོས་ཉིད་བསྲུང་བྱ་རུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་བསྒྱུར་བྱ་བར་ཧུར་ཐག་བརྟན་བརླིང་གིས་སྐུལ་འདེད་བཏང་བ་དང་། གཞི་རྩའི་སྨན་བཅོས་ཞབས་ཞུ་དེ“གྲངས་ཀྱི་འཕར་ཚད”ནས“སྤུས་ཀའི་མཐོར་འདེགས”སུ་བསྒྱུར་བར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དང་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་དུ། རང་ཞིང་གི་སྨན་བཅོས་ཞབས་ཞུའི་ཡོང་འབབ་ཀྱི་ཟིན་ཚད་དེ2022ལོའི28.89%ནས34.24%རུ་མཐོར་འདེགས་བྱུང་སྟེ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད།

ནང་རྐྱེན་བཙུགས་ཏེ“ལེགས་སྒྲིག་བྱེད་དང་མི་བྱེད”ཁ་གསལ་བཟོས་པ། མཚོ་སྔོན་གྱིས་གཏན་འཁེལ་རིན་གོང་གི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ཞིང་། གཏན་འཁེལ་རིན་གོང་གི་གོ་རིམ་ལེགས་སྒྱུར་བྱས་ཏེ། ཟོར་ཡང་ཚད་བསྟུན་གྱི་འགུལ་རྣམ་ལེགས་སྒྲིག་ནང་རྐྱེན་བཙུགས། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་དང་མཉམ་འབྲེལ་སྒོས་སྨན་བཅོས་ཞབས་ཞུའི་རིན་གོང་འགུལ་རྣམ་ལེགས་སྒྲིག་ནང་རྐྱེན་གྱི་ལས་གཞིའི་ཞིབ་འཇུག་བྱས་ཤིང་། སྨན་བཅོས་ལས་ཁུངས་འཁོར་སྐྱོད་གནས་ཚུལ་དང་སྨན་བཅོས་འགན་སྲུང་གི་ཁུར་བཟོད་ནུས་ཤུགས། ས་གནས་དཔལ་འབྱོར་འཕེལ་རྒྱས་དང་སྨན་བཅོས་ཞབས་ཞུའི་གྲུབ་རྒྱུ་མ་རྩ་སོགས་ཟུར་ཚད4བཙུགས་ནས། སྨན་བཅོས་འགན་སྲུང་ལས་ཁུངས་ཀྱི་ཡོང་འབབ་དང་། སྨན་བཅོས་འགན་སྲུང་ཐེབས་རྩའི་ཡོང་འབབ། མི་རེའི་ཆ་སྙོམས་ཀྱིGDPསོགས་རྣམ་གྲངས8ཀྱི་དཔྱད་འདེམ་དམིགས་ཚད་འདེམ་སྒྲུག་བྱས་པར་མ་ཟད། དེའི་རྨང་གཞིའི་སྟེང་སྨན་བཅོས་ཞབས་ཞུའི་རིན་གོང་འགུལ་རྣམ་ལེགས་སྒྲིག་དམིགས་ཚད་མ་ལག་བཙུགས་ཏེ། སྨན་བཅོས་ཞབས་ཞུའི་རིན་གོང་འགུལ་རྣམ་ལེགས་སྒྲིག་ལ་ཚན་རིག་གི་རྒྱབ་རྟེན་འདོན་སྤྲོད་བྱས། སྨན་བཅོས་ཞབས་ཞུའི་རིན་གོང་འགུལ་རྣམ་ལེགས་སྒྲིག་བྱ་བའི་ལག་བསྟར་བསམ་འཆར་དང་ཞིང་ཆེན་ཡོངས་ཀྱི་གསར་ཐོན་སྨན་བཅོས་ཞབས་ཞུའི་རིན་གོང་གི་ལས་གཞིའི་དོ་དམ་བྱེད་ཐབས་བཏོན་ཏེ། གསར་ཐོན་དང་བཟོ་བཅོས། གནས་བསྒྱུར་བཅས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་ལས་གཞིའི་གྲུབ་ཚུལ་དང་བླང་བྱ། ལས་གཞིའི་འགོ་ཚུགས་གོ་རིམ་དང་ལྟ་སྐུལ་དོ་དམ་ལས་དོན་ཐད་གཏན་འཁེལ་ཁ་གསལ་བཟོས། ལོ་རེར་སྨན་བཅོས་ཞབས་ཞུའི་རིན་གོང་འགུལ་རྣམ་ལེགས་སྒྲིག་དཔྱད་འཇོག་བྱས་ཏེ། དངོས་ཡོད་འཇིག་རྟེན་གྱི་གཞི་གྲངས་བེད་སྤྱད་ནས་ཚད་འབེབ་དང་ཚད་འབེབ་མ་ཡིན་པའི་འགོ་སློང་ཆ་རྐྱེན་དང་འཆིང་གཅུན་ཚད་གཞིར་སྔོན་དཔག་དཔྱད་འཇོག་བྱེད་པ་དང་། དཔྱད་འཇོག་མཇུག་འབྲས་ལ་གཞིགས་ནས་རིམ་གྱིས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་བྱ་བ་ལག་བསྟར་དངོས་འབེབ་བྱེད་རྒྱུ་རེད།

ཁ་ཕྱོགས་གཏན་འཁེལ་གྱིས“ཅི་ཞིག་ལེགས་སྒྲིག་བྱེད་པ”ཁ་གསལ་བཟོས་པ། གཉོམ་ཞན་གྱི་རིག་ཚན་འཕེལ་རྒྱས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ། ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་གཞིར་བཟུང་ནས་མཛུབ་འགོ་དང་རྐང་མཐིལ་གྱི་ཁྲག་ལེན་པ་དང་། ཀྲུང་ལུགས་སྨན་བཅོས་ཐད་ནས་སྡོད་བཅོས་བྱིས་པ་མང་དུ་བསྡུ་བ། ཁམས་གསོ་བཅོས་སྐྱོང་སོགས་ཀྱི་རིན་གོང་རྣམ་གྲངས་གསར་སྣོན་བྱས་ནས། སྨན་བཅོས་མི་སྣའི་ལག་རྩལ་ངལ་ལས་ཀྱི་རིན་ཐང་གང་ལེགས་ཀྱིས་མཚོན་པར་བྱས། ནད་ལྕི་མོ་ཞིང་ཆེན་ལས་མི་བརྒལ་བ་མགྱོགས་མྱུར་གྱིས་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཆེད། རང་ཞིང་དུ་སྤེལ་ཟིན་ལ་ཕྱིར་གཏོང་གནས་ཡུལ་དུ་སྤེལ་ཟིན་ཡང་རང་ཞིང་གིས་སྤེལ་མེད་པ་དང་གཞོགས་གཉིས་སུ་སྤེལ་མེད་པའི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་རེ་ཞུའི་གོ་རིམ་སྟབས་བདེ་ཅན་དུ་བཏང་བ་དང་ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས། “ཆི་ཧོང་ཁབ་ཀྱི་བཅོས་ཐབས”དང“ཏི་ཨེར་ཆའང་སྦྱོར་སྨན་གྱི་བཅོས་ཐབས”སོགས་ཀྲུང་བོད་གསོ་རིག་གི་རྣམ་གྲངས56གསར་སྣོན་བྱས་ཏེ། “རུས་པ་ཆག་སྦྱོར”སོགས་སྔོན་ཆད་རིན་གོང་དམའ་ཤོས་ཀྱི་རྣམ་གྲངས131གི་རིན་གོང་མཐོར་འདེགས་བྱས། རྒྱལ་ཡོངས་སུ་སྔ་བ་བྱས་ཏེ་བོད་སོག་སྨན་ཁང་གི་སྨན་རྫས་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་གསར་འདོན་བྱས་པ་ལ་ཁྱོན་སྡོམ་རིགས492དང་སྣ་ཁ2774ཡོད་དེ། བོད་སྨན་གྱི་སྨན་རྫས་རིགས150སྨན་བཅོས་འགན་སྲུང་ཁྲོད་འཇོག་རྒྱུ་རེད།

སྒྲིག་གཞི་ལེགས་སྒྱུར་གྱིས“ཅི་ལྟར་ལེགས་སྒྲིག་བྱེད་པ”ཁ་གསལ་བཟོས་པ། རིན་གོང་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་དུ་རང་འགུལ་གྱིས་སྨན་བཅོས་ལས་ཁུངས་དང་ནད་ཐོག་སྨན་པ་རིན་གོང་ལེགས་སྒྲིག་ཁྲོད་ཟབ་ཞུགས་བྱས་ཏེ། སྨན་བཅོས་ལས་ཁུངས་དང་སྨན་བཅོས་མི་སྣའི་ཆེད་ལས་བསམ་འཆར་དང་ལུགས་མཐུན་གྱི་རེ་འདུན་དེ་རིན་གོང་གི་སྟེང་དུ་མངོན་པར་བྱས་ཤིང་། འོས་འཚམ་གྱི་ལག་རྩལ་དེ་ནད་ཐོག་སྨན་བཅོས་ཀྱི་དངོས་ཡོད་དང་ཁ་ཐག་སྔར་བས་ཉེ་རུ་བཏང་། སྨན་རྫས་ཀྱི་རྒྱུ་ཆ་དང་འབྲེལ་ནས་ཚད་བསྟུན་ཉོ་སྒྲུབ་ཀྱི་མཇུག་འབྲས་གཅིག་སྡུད་བྱས་ཏེ། སྒྲིག་ཆས་ཀྱི་འཛད་གྲོན་ཚད་ཅུང་མཐོ་བའི་ཞིབ་བཤེར་ཚད་འཇལ་བརྟག་བཅོས་ཀྱི་རིན་གོང་ཇེ་དམའ་རུ་བཏང་བ་དང་། རིམ་བསགས་ཀྱིས་ཤུགས་དྲགCTདང་ཉིང་རྡུལ་གྱི་རྣམ་གྲངས117དང་། མཆིན་པའི་ཞིབ་བཤེར་རྣམ་གྲངས22ཀྱི་རིན་གོང་ཇེ་དམའ་རུ་བཏང་ལ། 85%ཡི་ལེགས་སྒྲིག་རྣམ་གྲངས་དེ་སྨན་བཅོས་འགན་སྲུང་ཁྲོད་བཞག་ནས། སྨན་བཅོས་ལག་རྩལ་ངལ་ལས་རིན་ཐང་མཚོན་པ་དང་མང་ཚོགས་ཀྱི་སྨན་རིན་གྱི་འགན་ཁུར་ནུས་ལྡན་སྒོས་དོ་མཉམ་ཡོང་བར་བྱེད་རྒྱུ་རེད།

སྤྱི་འབོར་ཚོད་འཛིན་བྱས་ནས“ལེགས་སྒྲིག་ཅི་ཙམ་བྱེད་པ”ཁ་གསལ་བཟོས་པ། ཞིང་ཆེན་ནང་ཁུལ་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་ལོ་འཁོར་གྱི་སྨན་བཅོས་ཞབས་ཞུའི་རང་བཞིན་གྱི་ཡོང་འབབ་ཀྱི་སྤྱི་འབོར་དེ་ལོ་རྒྱུས་ཀྱི་གཞི་གྲངས་ལ་བརྩི་བ་དང་། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། སྨན་རྫས་ཀྱི་སྤྱིའི་འགྲོ་གྲོན་གྱི་གཞི་ཁྱོན་དང་གྲུབ་ཆ། སྨན་བཅོས་འགན་བཅོལ་ཐེབས་རྩའི་མ་དངུལ་གྲབས་གསོག་འཁོར་སྐྱོད་སོགས་ཕྱོགས6གི་དམིགས་ཚད་དེ་འཕར་བའི་བཏགས་གྲངས་སུ་བརྩི་བ། རིམ་དབྱེའི་བྱེད་ཐབས་སྤྱད་དེ་ལོ་ཧྲིལ་པོའི་རིན་གོང་ལེགས་སྒྲིག་གི་སྤྱི་འབོར་ཚོད་རྩིས་གཏན་འཁེལ་བྱ་རྒྱུ་བཅས་རེད། འགུལ་རྣམ་ལེགས་སྒྲིག་དཔྱད་འཇོག་གི་མཇུག་འབྲས་ལ་གཞིགས་ནས། རིན་གོང་ལེགས་སྒྲིག་བྱེད་འགོ་ཚུགས་པའི་ཚད་གཞིར་སླེབས་པ་ལ་བསྡོམས་འབོར་གྱི་ཁྱབ་ཁོངས་ནང་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རིན་གོང་ལེགས་སྒྲིག་དང་ལེགས་སྒྱུར་བྱས་པ་བརྒྱུད་སྨན་བཅོས་ཐོན་ཁུངས་ཕན་ནུས་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་དང་། མི་དམངས་མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་ཐེབས་རྩར་བརྟེན་ནས་སྨན་བཅོས་བྱེད་ཐུབ་པ་དང་སྨན་བཅོས་ཡག་པོ་བྱེད་ཐུབ་པར་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号