རྒྱ་གར་ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། ཁཱ་ནཱ་ཏཱའི་ཕྱི་འབྲེལ་དཔོན་པོ་དྲུག་དུས་བཅད་ནང་རང་གི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་པར་མ་ཟད། ཁཱ་ནཱ་ཏཱ་ནས་ཕྱི་འབྲེལ་དཔོན་པོ་དྲུག་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད། ཉིན་དེར་ཁཱ་ནཱ་ཏཱའི་ཕྱི་འབྲེལ་པུའུ་ཡིས་དྲག་ཤུགས་ནག་ཉེས་བྱ་འགུལ་ལ་འབྲེལ་བ་ཡོད་པའི་དབང་གིས་རྒྱ་གར་གྱི་ཕྱི་འབྲེལ་དཔོན་པོ་དྲུག་མཐར་སྐྲོད་བཏང་ཡོད་ཟེར། རྒྱ་གར་ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། རྒྱ་གར་སྲིད་གཞུང་གིས་ཁཱ་ནཱ་ཏཱའི་རྒྱ་གར་དུ་སྡོད་པའི་གནས་སྐབས་ཀྱི་གཞུང་ཚབ་ཚབ་མ་དང་བཅས་པའི་ཕྱི་འབྲེལ་དཔོན་པོ་དྲུག་ཚེས19ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་དགུའི་བར་རྒྱ་གར་དང་ཁ་འབྲལ་དགོས་པའི་རེ་བ་བཏོན། ཉིན་དེའི་ཕྱི་དྲོར། རྒྱ་གར་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། རྒྱ་གར་ཕྱོགས་ཀྱིས་ཁཱ་ནཱ་ཏཱ་ནས་མཐོ་རིམ་ཆེད་དོན་པ་སོགས་ཕྱི་འབྲེལ་དཔོན་པོ་དྲུག་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། རྒྱ་གར་ཁཱ་ནཱ་ཏཱའི་སྲིད་གཞུང་གིས་རྒྱ་གར་གྱི་ཕྱི་འབྲེལ་དཔོན་པོའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་དམ་བཅའ་ལ་ཡིད་ཆེས་མེད་པས། རྒྱ་གར་སྲིད་གཞུང་གིས་མཐོ་རིམ་ཆེད་དོན་པ་དང་ཕྱི་འབྲེལ་དཔོན་པོ་གཞན་པ་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར། ཉིན་དེའི་སྔ་དྲོར། རྒྱ་གར་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤྱི་སྒྲོག་ལས་བཤད་རྒྱུར། རྒྱ་གར་ཕྱི་འབྲེལ་པུའུ་ལ་ཚེས13ཉིན་ཁཱ་ནཱ་ཏཱ་ཕྱོགས་ཀྱི་སྤྱི་སྒྲོག་འབྱོར་བ་དང་། ཁཱ་ནཱ་ཏཱ་རུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་ཆེད་དོན་པ་དང་ཕྱི་འབྲེལ་དཔོན་པོ་གཞན་པ་དག་ནི2023ལོའི་རྒྱ་གར་གྱི་མི་རྒྱུད་ཡིན་པའི་ཞེ་ཁི་ཆོས་ལུགས་ཀྱི་ཁ་བྲལ་རིང་ལུགས་པ་ལྐོག་གསོད་ཐེབས་པའི་གྱོད་དོན་ལས་རྟོག་ཞིབ་བྱེད་པའི་དོགས་ཡོད་མི་སྣ་ཡིན་ཟེར། རྒྱ་གར་ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན་རྒྱ་གར་དུ་སྡོད་པའི་ཁཱ་ནཱ་ཏཱའི་གནས་སྐབས་གཞུང་ཚབ་པ་བོས་ནས་ངོ་རྒོལ་དྲག་པོ་བྱས་པར་མ་ཟད། རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་དག་ལྐོག་གསོད་གྱོད་དོན་ནང་ཞུགས་ཡོད་པའི་སྐྱོན་འཛུགས་དེ་ཁས་ལེན་མ་བྱས་པ་དང་། དེ་ནི་གནས་ལུགས་ཅི་ཡང་མེད་པའི་མ་ཉེས་ཁ་གཡོག་རེད་ཟེར། ཁཱ་ནཱ་ཏཱའི་ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། དྲག་ཤུགས་ནག་ཉེས་བྱ་འགུལ་ལ་འབྲེལ་བ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཁཱ་ནཱ་ཏཱ་རུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་ཆེད་དོན་པ་དང་ཕྱི་འབྲེལ་དཔོན་པོ་ལྔ་མཐར་སྐྲོད་བཏང་བ་ཁྱབ་བསྒྲགས་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཁཱ་ནཱ་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་འཚོལ་སྡུད་བྱས་པའི་གཞི་གྲངས་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་མི་སྣར་ཁ་བརྡ་བྱེད་པ་དང་རྟོག་ཞིབ་བྱེད་དུ་འཇུག་ཆེད། ཁཱ་ནཱ་ཏཱ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ཀྱིས་ཕྱི་འབྲེལ་དང་གཞུང་ཚབ་ཁང་གི་དམིགས་བསལ་མེད་པར་བཏང་ནས་རྟོག་ཞིབ་ལ་གཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན། རྒྱ་གར་ཕྱོགས་ཀྱིས་ཁས་ལེན་མ་བྱས་པ་དང་ཁཱ་ནཱ་ཏཱའི་མིའི་སྤྱི་བའི་བདེ་འཇགས་ལ་བསམ་བློ་བཏང་སྟེ། ཁཱ་ནཱ་ཏཱ་ཡིས་གོང་གི་མི་དྲུག་པོ་མཐར་སྐྲོད་གཏོང་བའི་བརྡ་བཏང་བ་ཡིན་ཟེར། ཁཱ་ནཱ་ཏཱའི་ཕྱི་འབྲེལ་པུའུ་ཀྲང་ཆའོ་ལེ་ཡིས་ཉིན་དེར་བསྟན་དོན། རྒྱ་གར་ཕྱོགས་ཀྱི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་བའི་ཆོད་དོན་དེར་བསམ་བློ་ཞིབ་ཏུ་བཏང་ཡོད་ལ། ཁཱ་ནཱ་ཏཱ་ཕྱོགས་ཀྱིས་བྱེ་བྲག་གི་བདེན་དཔང་གསལ་བོ་འཚོལ་སྡུད་བྱས་ཏེ། མི་དེ་དྲུག་ནི་ཁཱ་ནཱ་ཏཱའི་ཞེ་ཁི་ཆོས་ལུགས་ཀྱི་གཙོ་འཛིན་ཧཱ་ཏིས་ཕུའུ་ཞིན་ཀི་ནེ་ཅཱ་ཨར་ལྐོག་གསོད་ཐེབས་པའི་གྱོད་དོན་གྱི་དོགས་ཡོད་མི་སྣ་ཡིན་པ་གཏན་འཁེལ་བྱས་རྗེས་བཏོན་པ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号