ཞིང་ཆེན་རིམ་པའི་ལས་རིགས་སྡེ་ཁག་གིས་མེ་འགོག་མེ་གསོད་བདེ་འཇགས་གསབ་སྦྱོང་འཛིན་གྲྭ་བསྡུས།

ཟླ10པའི་ཚེས10ཉིན་ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་ཞིང་ཆེན་རིམ་པའི་སྡེ་ཁག་གི་མེ་འགོག་མེ་གསོད་གསབ་སྦྱོང་འཚོགས་པ་དང་། ཞིང་ཆེན་རིམ་པའི་ལས་རིགས་སྡེ་ཁག་བཞི་བཅུའི་འབྲེལ་ཡོད་མི་སྣ་བརྒྱད་ཅུ་གསབ་སྦྱོང་ལ་ཞུགས།

གསབ་སྦྱོང་སྐབས་སུ། སྡེ་ཁག་སོ་སོའི་ཉིན་རྒྱུན་བྱ་བའི་ཁྲོད་འཕྲད་པའི་ཞིབ་བཤེར་བྱེད་མི་ཤེས་པ་དང་ཆེད་ལས་མིན་པའི་གནད་དོན་ལ་དམིགས་ནས། གསབ་སྦྱོང་འཛིན་གྲྭས་དཔེ་སྟོན་བརྙན་རིས་བརྒྱུད་ནས་སློབ་སྦྱོང་བྱེད་པ་དང་ཡུལ་དངོས་སློབ་ཁྲིད་བཀོད་སྒྲིག་བྱས་ཤིང་། ཡུལ་དངོས་ནས་སྨན་ཁང་དང་ཚོང་ལས་ཕྱོགས་བསྡུས་ཁུལ་ཆེན་མོ། མེ་འགོག་མེ་གསོད་གཞི་གྲངས་ཁྱབ་གདལ་ཁང་བཅས་ལ་ལྟ་སྐོར་བྱས་ཏེ། ཟབ་ཞུགས་མི་སྣས་ལས་རིགས་ཀྱི་མེ་འགོག་མེ་གསོད་ལྟ་སྐུལ་དོ་དམ་གྱི་གཙོ་གནད་དང་བྱེད་ཐབས་ལ་མགྱོགས་མྱུར་ངང་རྒྱུས་ལོན་བྱེད་པར་རོགས་རམ་བྱས། ལས་རིགས་ཀྱི་མེ་འགོག་མེ་གསོད་ལྟ་སྐུལ་དོ་དམ་གྱི་རྩ་བའི་བླང་བྱར་རྒྱུས་ལོན་བྱས་པ་བརྒྱུད་དེ། རྩ་བའི་བྱེད་ཐབས་སློབ་སྦྱོང་བྱས་པ་དང་། མེ་འགོག་མེ་གསོད་བྱ་བའི་ནུས་པ་མཐོར་འདེགས་བཏང་ནས། གསབ་སྦྱོང་ནང་དོན་དང་ལས་རིགས་ཀྱི་མེ་འགོག་མེ་གསོད་བྱ་བ་ཟུང་འབྲེལ་དམ་ཟབ་བྱས་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་མེ་འགོག་མེ་གསོད་ལ་ལྟ་སྐུལ་དོ་དམ་བྱས་ཏེ། ལས་རིགས་ཀྱི་མེ་འགོག་མེ་གསོད་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཞིང་ཆེན་མེ་འགོག་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་པས་ངོ་སྤྲོད་བྱས་པ་ལྟར་ན།  ལས་རིགས་སྡེ་ཁག་གི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་གིས་ལས་རིགས་སྡེ་ཁག་གི་མེ་འགོག་མེ་གསོད་བདེ་འཇགས་སློབ་སྦྱོང་ཚོགས་པ་བཙུགས་ནས། དུས་ཐོག་ཏུ་མེ་འགོག་མེ་གསོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་མེ་འགོག་མེ་གསོད་བདེ་འཇགས་དོ་དམ་ཉམས་མྱོང་། མེ་སྐྱོན་གྱོད་གཞི་སོགས་མཉམ་སྤྱོད་བྱེད་པ་དང་། མཉམ་དུ་མེ་འགོག་མེ་གསོད་བདེ་འཇགས་ཀྱི་འགན་སྒྲུབ་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད། གསར་གཏོད་ཀྱི་ཐབས་ལམ་དང་བྱེད་ཐབས་ལ་བརྟེན་ནས། གསབ་སྦྱོང་ནང་དོན་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ལས་རིགས་སྡེ་ཁག་གིས་གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ་དང་མིག་རྒྱང་བསྐྱེད་ནས་སློབ་སྦྱོང་བྱེད་པ། བྱེད་ཐབས་བསྒྱུར་ནས་སློབ་སྦྱོང་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། གསབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་ཕན་ནུས་སུ་བསྒྱུར་རྒྱུ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号