འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཉིང་པོ་རུ་བསྡུས་པ་དང་ཝང་ཧུའུ་ཉིང་གིས་འགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ཟླ10ཚེས15ཉིན། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པའི་མཛད་སྒོ་ཉིང་པོ་རུ་བསྡུས་པ་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཔལ་ཡོན་ཏེ་བརྗེ་རེས་ལ་བརྟེན་ནས་སྣ་མང་ངོ་མཚར་དུ་གྱུར་བ་དང་།  དཔལ་ཡོན་ཏེ་ཕན་ཚུན་དཔེ་ལྟ་བྱས་པར་བརྟེན་ཕུན་སུམ་ཇེ་ཚོགས་སུ་གྱུར་ཞིང་། ཕན་ཚུན་བརྩི་འཇོག་དང་ཕྱར་བ་གྲུ་འདེགས། མཉམ་ལས་མཉམ་གནས་བྱེད་པ་ནི་མིའི་རིགས་དཔལ་ཡོན་འཕེལ་རྒྱས་ཀྱི་ཡང་དག་པའི་བགྲོད་ལམ་ཡིན་ཞེས་བསྟན་ཡོད་ཅིང་།  ཞི་བདེ། ཞི་ལྷོད། འཆམ་མཐུན་བཅས་ནི་ལོ་ངོ་ལྔ་སྟོང་ལྷག་རིང་གི་ཀྲུང་ཧྭའི་དཔལ་ཡོན་གྱིས་ནམ་ཡང་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཤིག་ཡིན། ཀྲུང་ཧྭའི་དཔལ་ཡོན་སྒོ་འབྱེད་དང་བཟོད་སྒོམ་ལ་བརྟེན་ནས་ཡུལ་ལུང་སོ་སོར་གྲགས་ཤིང་།  མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཐུན་ཞིང་མི་འདྲ་བ་དང་། བརྩི་བཀུར་བཟོད་སྒོམ་བཅས་དར་སྤེལ་བཏང་སྟེ། དཔལ་ཡོན་གཞན་པའི་བར་བརྗེ་རེས་དཔེ་ལྟ་བྱེད་པའི་ཁྲོད་དུ་རྒྱུན་མི་ཆད་པའི་གསོན་ཤུགས་གསར་པ་དར་སྤེལ་གཏོང་བཞིན་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ཀྱིས་རེ་སྨོན་མཉམ་སྐྱོད་དང་འཆམ་མཐུན་མཉམ་གནས་བྱེད་ཅེས་པ་བརྗོད་དོན་དུ་བཟུང་ཞིང་། ཀྲུང་གོའི་ནང་བསྟན་ཆོས་ལུགས་ཀྱི་སྒོ་འབྱེད་དང་བཟོད་སྒོམ་མངོན་པར་བསྟན་ལ། འཛམ་གླིང་ནང་བསྟན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། མིའི་རིགས་ཀྱི་དཔལ་ཡོན་བརྗེ་རེས་དཔེ་ལྟ་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་རེད། རྒྱ་ཆེའི་ནང་བསྟན་ཆོས་ལུགས་པས་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། བཟང་ཕྱོགས་སུ་འཕེལ་བའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། དུས་རབས་ཡར་ཐོན་གྱི་དགོས་མཁོ་དང་བསྟུན་མཁས་བྱས་ཏེ་ཆོས་གཞུང་དང་ཆོས་ཀྱི་ནང་དོན་འགྲེལ་བཤད་ལེགས་པོ་བྱེད་དགོས་ཤིང་། དཔལ་ཡོན་མི་འདྲ་བའི་བརྗེ་རེས་ཁ་བརྡ་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་མི་གཅིག་པ་འཆམ་མཐུན་མཉམ་གནས་བྱེད་པ་དར་སྤེལ་བཏང་ནས། མཉམ་དུ་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ལག་བསྟར་བྱེད་ཅིང་། ཆོས་ལུགས་སྡེ་ཁག་གིས་རང་བདག་རང་སྤེལ་དང་། འདྲ་མཉམ་འགྲིག་མཐུན། ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་ཕྱི་ཕྱོགས་འགྲོ་འོང་སྤེལ་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོའི་ནང་བསྟན་ནི་ནམ་ཡང་འཛམ་གླིང་ནང་བསྟན་ཆོས་ལུགས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོའི་ནང་བསྟན་ཆོས་ལུགས་རང་འགུལ་སྒོས་གོ་ལ་ཧྲིལ་བོའི་ཆོས་ལུགས་དང་དཔལ་ཡོན་ཁ་བརྡའི་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་ཅིང་། རྒྱལ་ཁབ་སོ་སོའི་ནང་བསྟན་ཆོས་ལུགས་སྡེ་ཁག་དང་འགྲིག་མཐུན་བརྗེ་རེས་བྱས་ཏེ། དམངས་ཁྲོད་ཀྱི་འགྲོ་འོང་ལ་སྐུལ་འདེད་དང་། དམངས་སེམས་གཅིག་མཐུན་ལ་སྐུལ་སྤེལ་བྱེད་ངེས་ཡིན།

ཝང་ཧུའུ་ཉིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་བཏོན་པར་མ་ཟད། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་བཅས་གྲོས་གཞི་ཆེན་པོ་གསུམ་བཏོན་ཏེ། མིའི་རིགས་ཐུན་མོང་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་འཇལ་བར་ཇུས་གཞི་གསར་པ་བཏོན་ནས། མཛེས་སྡུག་ཡིད་འོང་གི་འཛམ་གླིང་ཞིག་བསྐྲུན་ཆེད་འཆར་གཞི་གསར་པ་བཀོད་ཞིང་། སྣེ་མང་རྙོག་འཛིང་གི་འཛམ་གླིང་ལ་བརྟན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན། དྲང་ཕྱོགས་ཀྱི་ནུས་པ་བཅས་བསྣན་ཡོད། ང་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་བསྐྱོད་བྱས་ཏེ། མིའི་རིགས་ཀྱི་མདུན་ལམ་ལ་དམིགས་པ་དང་། མི་དམངས་ཀྱི་བདེ་སྐྱིད་བསམ་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།


ཟླ10ཚེས15ཉིན། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པའི་མཛད་སྒོ་ཉིང་པོ་རུ་བསྡུས་པ་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། འདི་ནི་གླེང་སྟེགས་མཛད་སྒོའི་སྔོན་དུ། ཝང་ཧུའུ་ཉིང་གིས་གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་གྱི་འཐུས་མི་ལ་ཐུག་འཕྲད་གནང་སྐབས་རེད།

གླེང་སྟེགས་ཀྱི་མཛད་སྒོའི་སྔོན་དུ། ཝང་ཧུའུ་ཉིང་གིས་གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་གྱི་འཐུས་མིར་ཐུག་འཕྲད་གནང་། ཧྲི་ཐའེ་ཧྥིན་ཐུག་འཕྲད་ལ་ཞུགས་པར་མ་ཟད་མགོ་རྩོམ་མཛད་སྒོར་ཞུགས།

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་ཧྭའི་ཆོས་ལུགས་རིག་གནས་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་མཛད་ཅིང་། ཀྲེ་ཅང་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས། རྒྱལ་ཁབ་དང་ས་ཁུལ་དོན་གཉིས་ནས་ཐོན་པའི་ནང་བསྟན་ཆོས་ལུགས་ཀྱི་འཐུས་མི་དང་། ཆེད་མཁས་པ་དང་སློབ་མ་སོགས་མི་བརྒྱད་བརྒྱ་ཙམ་གླེང་སྟེགས་ལ་ཞུགས། གླེང་སྟེགས་ཀྱི་བར་སྐབས་སུ་གླེང་སྟེགས་ཚོགས་ར་གཙོ་བོ་དང་། ཡན་ལག་གླེང་སྟེགས། སྨྱན་བྱད་གསར་པའི་གླེང་སྟེགས། བརྙན་འཕྲིན་གླེང་སྟེགས། ནང་བསྟན་རིག་གནས་འགྲེམ་སྟོན་ཁང་སོགས་བྱེད་སྒོ་སྣ་མང་སྤེལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号