རང་རྒྱལ་གྱིས་ཨ་ཧྥེ་རི་ཁའི་ལུག་ཤའི་ཐོན་རྫས་ཐོག་དང་པོར་ནང་འདྲེན་བྱས་པ།

ཨ་ཧྥེ་རི་ཁའི་མ་ཏ་ཀ་སི་ཁར(马达加斯加)ནས་ཐོན་པའི་འཁྱག་གཏོང་ལུག་ཤ་ཁག་གཅིག་ཚེས8ཉིན་ཧུའུ་ནན་ཧོང་ཞིན་ནང་འདྲེན་ཤ་རིགས་ཀྱི་གཏན་འཁེལ་ཞིབ་བཤེར་ར་བར་ཐོན་པ་དང་། དངོས་ཟོག་དེ་དག་ཁྱོན་སྡོམ་རིགས50དང་སྤྱི་རྒྱ900ལྷག་ཡོད་པ་རེད། དེ་ནི་ན་ནིང་མ་ཏ་ཀ་སི་ཁར་གྱི་ལུག་ཤ་ཀྲུང་གོར་ཕྱིར་གཏོང་གི་ཆོག་འཐུས་ཐོབ་རྗེས་ཀྱི་ནང་འདྲེན་ཐོན་རྫས་ཁག་དང་པོ་དེ་ཡིན་ལ། རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་ནས་ལུག་ཤའི་ཐོན་རྫས་ནང་འདྲེན་བྱེད་ཐེངས་དང་པོའང་ཡིན་པས། ཨ་ཧྥེ་རི་ཁའི་ཤ་རིགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་མཚོན་ཡོད། 

ན་ནིང་གི་སྐབས་གསུམ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་རིང་། རང་རྒྱལ་གྱིས་མ་ཏ་ཀ་སི་ཁར་དང་གྲོས་མཐུན་ལ་མིང་རྟགས་བཀོད་ནས་མ་ཏ་ཀ་སི་ཁའི་ལུག་ཤ་ཀྲུང་གོར་འདྲེན་ཆོག་གི་ཡོད་པ་རེད། ཁྲང་ཧྲ་འགག་སྒོ་ལས་ཁུངས་ཀྱིས་ཆེད་དོན་ལས་དོན་ཚོགས་པ་བཙུགས་ནས་ཐེངས་མང་པོར་རྒྱང་ཁྲིད་བརྙན་ལམ་གྱི་ཐད་ནས་མ་ཏ་ཀ་སི་ཁའི་ལུག་ཤ་ལས་སྣོན་ཁེ་ལས་དང་སྦྲེལ་མཐུད་བྱས་ཏེ། སྤུས་ཚད་དང་འཕྲོད་བསྟེན་བདེ་འཇགས་དོ་དམ་མ་ལག་ལེགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་དང་། ནང་འདྲེན་བཟའ་བཅའ་ཕྱི་རྒྱལ་ནས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱི་སྙན་ཞུ་ཐོ་འགོད་བྱས། ད་ལོའི་ཟླ9པའི་ཟླ་སྟོད་དུ་། ཀྲུང་མའི་ཕྱུགས་ལས(མ་ཏ་ཀ་སི་ཁ)ཚད་ཡོད་ཀུང་སིས་ཀྲུང་གོར་ཐོ་འགོད་བྱས་ནས་ཀྲུང་གོར་ཕྱིར་གཏོང་གི་ཐོབ་ཐང་ཐོབ་པ་རེད། 

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་མཛུབ་ཁྲིད་འོག ཁྲང་ཧྲ་འགག་སྒོ་ལས་ཁུངས་ཀྱིས་ད་དུང་སྔ་རྗེས་སུ་ཨ་ཧྥེ་རི་ཁས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་བཟའ་བཅའི་རིགས24ཡི་ཆོག་འཐུས་དཔྱད་འཇོག་འགན་ཁུར་ཡོངས་འགྲུབ་བྱས་ཤིང་། དེའི་ཁྲོད། ཁེན་ནི་ཡའི་རི་སྐྱེས་ཆུའི་ཐོན་དངོས་རྫས་དང་ཐན་སང་ཉི་ཡའི་རི་སྐྱེས་ཆུའི་ཐོན་རྫས། ཀི་ནེ་ཡ་པི་སོའོ་ཡའོ་ཀོན་སོགས་ཀྱི་ཆོག་འཐུས་ཚད་གཞི་མངོན་འགྱུར་བྱུང་བ་དང་། རུ་ཝང་ཏའི་སུར་པན་སྐམ་པོ་དང་། ཁེན་ནི་ཡའི་ཉ་སྐམ་པོ། མ་ཏ་ཀ་སི་ཁར་གྱི་ལུག་ཤ་བཅས་ཧུའུ་ནན་དུ་རྒྱལ་ཡོངས་སུ་ནང་འདྲེན་ཐེངས་དང་པོ་མངོན་འགྱུར་བྱུང་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号