2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོ་ཀོང་ཀྲོའུ་རུ་སྤེལ་བ།

“དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་པ”བརྗོད་བྱ་ཡིན་པའི2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་མགོ་རྩོམ་མཛད་སྒོ་ཚེས8ཉིན་ཀོང་ཀྲོའུ་རུ་སྤེལ་བ་དང་། ཚེས9ཉིན་ནས་ཚེས15ཉིན་བར་དུ2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་གྱིས་སྤེལ་རྒྱུ་རེད།

ད་ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་རླུང་འཕྲིན་དང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་གུང་གཞོན་ཚོགས་པའི་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་བཅུ་ཡིས་མཉམ་འབྲེལ་སྒོས་སྤེལ་བ་རེད།

དྲ་རྒྱའི་བདེ་འཇགས་གཟའ་འཁོར་གྱི་སྐབས་སུ་དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས་དང་། སློབ་གྲྭའི་ཉིན་མོ་དང་གློག་འཕྲིན་ཉིན་མོ་སོགས་བརྗོད་བྱ་གཙོ་བོ་དྲུག་གི་བྱེད་སྒོ་སྤེལ་རྒྱུ་དང་། དྲ་རྒྱའི་བདེ་འཇགས་ཤེས་ལྡན་མི་སྣ་བསྡུ་བའི་ཆེད་དོན་བྱེད་སྒོ་དང་། དྲ་བའི་བདེ་འཇགས་གསར་གཏོད་དང་ལས་ལུགས་གསར་འབྱེད་ཀྱི་མ་དངུལ་འཇོག་པའི་ཆེད་གཏོང་བྱེད་སྒོ་སྤེལ་རྒྱུ། ཀྲུང་གོའི་དྲ་རྒྱའི་བདེ་འཇགས་འགྲན་བསྡུར་ཆེན་མོའི་བདེ་འཇགས་ཀྱི་སྤྱིའི་འགྲན་བསྡུར་ཆེན་མོ་དང་། ལུག་མཁར་བུམ་པའིཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་དྲ་རྒྱའི་བདེ་འཇགས་འགྲན་བསྡུར་ཆེན་པོ་དང་དྲ་རྒྱའི་བདེ་འཇགས་གཞི་རིམ་དུ་སྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ2014ལོ་ནས་བཟུང་བསྟུད་མར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་བ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པས་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། དྲ་རྒྱའི་བདེ་འཇགས་རྩལ་ནུས་ཁྱབ་གདལ་དུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་རྩལ་ནུས་ནུས་ལྡན་ངང་ཇེ་མཐོར་གཏོང་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号