ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས།
ཟླ9པའི་ཚེས5ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་དུ་འཚོགས།
ཟླ9པའི་ཚེས5ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་རྒྱུ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རིམ་སྔར་ལས་ཆེན་པོ་བླངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཆེན་པོ་གཏོང་དགོས་ཞེས་བསྟན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ཏེ། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན》ལ་གྲོས་འཆམ་བྱུང་།
ཚང་འཛོམས་གྲོས་ཚོགས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མེ་ཕིན་དང་ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལ་ཙེ་པེ་ཁི·རེ་སུའུ་ལིས་ཧན། པད་གོ། ཀྲུའུ་ཞང་ཧྥུན་སོགས་ཚོགས་འདུར་ཞུགས། ཚོགས་ཆེན་དུ་ཞུགས་དགོས་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན68ཡོད་པ་དང་དངོས་སུ་ཞུགས་པའི་ཨུ་ཡོན61ཡོད། ཚོགས་འདུར་འབྱོར་དགོས་པའི་རྗེས་སྣོན་ཨུ་ཡོན14ཡོད་པ་དང་དངོས་སུ་འབྱོར་བའི་རྗེས་སྣོན་ཨུ་ཡོན12ཡོད། ཚོགས་ཞུགས་མི་གྲངས་ནི་ཏང་གི་སྒྲིག་ཡིག་དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་གཏན་འབེབས་དང་མཐུན།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་དུས་རབས་ཀྱི་དབྱེ་མཚམས་འབྱེད་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་སྐྱོད་ལམ་གསར་པའི་སྟེང་མུ་མཐུད་དུ་བཅོས་སྒྱུར་ལས་དོན་གོང་ནས་གོང་དུ་སྤེལ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《ཆོད་དོན》ནི། སྐྱོད་ལམ་གསར་པའི་སྟེང་དུ། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་དུ་དོན་འཁྱོལ་ནུས་ལྡན་བྱས་ཏེ་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ཐེངས་གསུམ་གནང་བ་དང་། རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ཞུགས་མྱོང་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱིའི་མཐོ་ཚད་ནས་འགྲེངས་ཏེ། མཚོ་སྔོན་གྱི་བྱ་བར་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་སྟེ། མཚོ་སྔོན་གྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་ཟབ་མོ་གནང་མྱོང་། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་གི་ལས་འགན་གཙོ་བོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལ་དམིགས་ནས། བཅོས་སྒྱུར་ལ་འཆར་འགོད་དང་བཀོད་སྒྲིག་གང་ལེགས་བྱས་ཏེ། བྱ་གཞག་སོ་སོར་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད་པར་འདོད།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཧ་ཅང་སྤྱིར་བཏང་མིན་པའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་བཞུད་ལམ་རིང་མོར་ཕྱིར་མིག་འཕངས་ཚེ། ང་ཚོས་མཚོ་སྔོན་གྱི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བ་དང་མཚོ་སྔོན་གྱི་འཕེལ་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་མོར་རང་རྟོགས་སྒོས་སྟངས་འཛིན་ཡང་དག་བྱེད་ཐུབ་པ་ཡིན་ན། གཞི་ནས་མཚོ་སྔོན་ལ་ལོ་རྒྱུས་ཀྱི་གོ་སྐབས་སྔར་ལས་གང་མང་བསུ་རུ་འཇུག་ཐུབ་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་སྔར་ལས་དམ་པོར་ཞུགས་ཐུབ་པ་ཡིན་ན། གཞི་ནས་མཚོ་སྔོན་ལ་ལོ་རྒྱུས་ཀྱི་རང་འགུལ་སྔར་ལས་གང་མང་ཐོབ་ཏུ་འཇུག་ཐུབ་པ། ཁྱོན་ཡོངས་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུས་ན། གཞི་ནས་མི་རིགས་སོ་སོའི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་མཉམ་སྤྱོད་བྱེད་དུ་འཇུག་ཐུབ་པ་བཅས་སེམས་ཀྱིས་ཚོར་བྱུང་། འདིས་ཆོས་ཉིད་ཅིག་གཏིང་ཟབ་མོའི་སྒོ་ནས་གསལ་སྟོན་བྱས་ཡོད་དེ། མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་དེ་སྔར་ལས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་མཉམ་འདྲེས་བྱེད་རྒྱུ་དང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་གང་ལེགས་ཞུས་པ་ཡིན་ན། གཞི་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁེ་ཕན་སྔར་ལས་གང་མང་མཉམ་སྤྱོད་བྱེད་ཐུབ་ལ། གཞི་ནས་དུས་རབས་འཕེལ་རྒྱས་ཀྱི་ཁྲོད་དུ་རང་ཉིད་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་པ་དེ་ཡིན། འདིས་མཚོ་སྔོན་གྱི་མ་འོངས་པའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་འོད་སྟོང་ལྡན་པའི་ལམ་ཆེན་ཡང་གསལ་སྟོན་གང་ལེགས་བྱས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ལོ་ངོ་བཅུ་ལྷག་གི་རིང་འཕེལ་རྒྱས་བྱུང་བའི་མཚོ་སྔོན་ནི། དེང་རབས་ཅན་འཛུགས་སྐྲུན་གྱི་གནད་འགག་དུས་སྐབས་སུ་གནས་ཡོད་པའི་དབང་གིས། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་གནས་བྱས་ཡོད། འབྱུང་འགྱུར་གྱི་ལོ་ངོ་ལྔ་ནི་རང་རྒྱལ་གྱིས་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྨང་གཞི་བརྟན་གཏོང་དང་ཀ་བ་དང་གདུང་མ་བསྐྲུན་པའི་དུས་མཚམས་གལ་ཆེན་ཞིག་ཀྱང་ཡིན། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ལ་སྟངས་འཛིན་ནན་མོ་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་དང་སྔར་ལས་རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པར་བྱེད་རྒྱུ་དང་དེར་ཞབས་འདེགས་ཞུ་དགོས་ལ། དེ་ནི་མཚོ་སྔོན་གྱི་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་ལངས་གནས་འདུ་ཤེས་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བྱེད་ཐབས་ནུས་ལྡན་ཡིན།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། མཚོ་སྔོན་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་བཞག་ནས་འཆར་འགོད་བྱས་པ་ཡིན་ན། གཞི་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ་དང་དེ་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱེད་རྒྱུར་འགན་ལེན་བྱེད་ཐུབ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་ཞབས་འདེགས་ཞུ་རྒྱུ་ནི། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་ཡིན་ན། གཞི་ནས་བཅོས་སྒྱུར་གྱི་བསམ་ཕྱོགས་ཁ་གསལ་དང་བཅོས་སྒྱུར་གྱི་གཙོ་གནད་ཁ་གསལ་ཡོང་ཐུབ་ལ། ཁྱད་སྟོབས་གང་རུང་ལ་བརྟེན་ནས་ཞན་ཆ་གསབ་པ་དང་དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཐུབ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་རྒྱུ་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་སྔར་ལས་མཉམ་འདྲེས་དང་དེར་ཞབས་འདེགས་ཡག་པོ་ཞུས་པ་ཡིན་ན། གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་དང་སྒུལ་ནུས་གསར་པ་རྒྱུན་མཐུད་ངང་སྐྱེད་སྲིང་བྱེད་ཐུབ་ལ། མཚོ་སྔོན་གྱི་གནས་བབ་སྔར་ལས་མངོན་གསལ་ཅན་དང་ལེགས་ཆ་སྔར་ལས་འབུར་ཐོན་ཡོང་ཐུབ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་རྒྱུ་ནི། མི་རིགས་སོ་སོའི་མང་ཚོགས་ཀྱི་དམངས་འཚོའི་བདེ་སྐྱིད་སྔར་ལས་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་ཀྱི་གོ་སྐབས་དམ་པོར་འཛིན་པ་དང་། རྒྱལ་ཁབ་ཀྱི་རོགས་སྐྱོར་དང་རོགས་རེས་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་པ་ཡིན་ན། གཞི་ནས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་གང་མང་གསར་སྐྲུན་བྱེད་ཐུབ་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་རྒྱུན་ཆད་མེད་པར་དོན་དངོས་སུ་བསྒྱུར་ཐུབ།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་སྤྱིའི་བྱ་བའི་ཁྲོད་རང་འགུལ་གྱིས་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་དགོས་ན། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏན་ཏིག་ཏིག་གིས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གསར་སྐྲུན་བྱེད་པའི་སྟེང་གྲུབ་འབྲས་གསར་པ་བླངས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། རི་སྔོ་ཆུ་དྭངས་དེ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་གྲུབ་འབྲས་གསར་པ་བླངས་ཏེ། ཐོན་ལས་གནས་བཞི་མྱུར་དུ་མཉམ་བསྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། གཞི་གྲངས་ཅན་དུ་བསྒྱུར་རྒྱུ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ངེས་བརྒྱུད་ལམ་བུ་རུ་བརྩིས་ཏེ། ལས་རིགས་སོ་སོ་འཕེལ་རྒྱས་སུ་གཏོང་བར་ཤུགས་འདོན་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་བླངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བྱ་བ་སྣ་ཚོགས་ཀྱི་གཙོ་གནད་དུ་བྱས་ནས། ཞིན་ཅང་དང་བོད་འབྲེལ་ས་ཁུལ་གཏན་འཇགས་སུ་གཏོང་བའི་རྒྱལ་ཁབ་ཀྱི་བདེ་འཇགས་འགོག་ར་སྲ་བརྟན་དུ་གཏོང་དགོས། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པའི་སྟེང་གྲུབ་འབྲས་གསར་པ་བླངས་ཏེ། ལས་ཞུགས་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བཀོད་འདོམས་དབྱུག་པ་ལྟ་བུར་བརྩིས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་ཡུན་སྐྱོང་བདེ་འགོད་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་སྟེང་གྲུབ་འབྲས་གསར་པ་བླངས་ཏེ་ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་བཏང་སྟེ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། དུས་རིམ་གསར་པར་རྐང་འཛུགས་པ་དང་། སྐྱོད་ལམ་གསར་པར་ཞུགས་ན། ང་ཚོས་རང་འགུལ་གྱིས་རྒྱལ་ཡོངས་ཀྱི་སྤྱིའི་བཀོད་སྒྲིག་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བའི་ལངས་གནས་དང་མཐོང་རྒྱ། བསམ་ཕྱོགས། བྱེད་ཐབས་ལ་བརྟེན་ནས་སྐོར་ཐེངས་གསར་པའི་བཅོས་སྒྱུར་ཐད་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ་དང་། འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཁོངས་གཅིག་གིས་སྤྱི་ཡོངས་ལ་གཅིག་འདོམས་བྱེད་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། གནད་ཆེ་བ་དམ་འཛིན་དང་གནད་མི་ཆེ་བ་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་ཆེད་དུ་བཅོས་སྒྱུར་བྱེད་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། བདེན་འཚོལ་དངོས་གཉེར་དང་དག་སྲུང་གསར་གཏོད་བྱེད་པ། ཁག་ཁུར་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱེད་པ། བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་རྒྱུན་མ་ཆད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གཞི་མདོག་སྔར་ལས་ལྗང་བ་དང་སྤུས་ཚད་སྔར་ལས་མཐོ་བ། རང་མདངས་སྔར་ལས་གསལ་བར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་ཡིན་པས། ང་ཚོས་རྒྱལ་ཡོངས་ཀྱི་སྤྱིའི་བཀོད་སྒྲིག་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བའི་འདུ་ཤེས་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་ཆབ་སྲིད་ཀྱི་ཁག་ཁུར་དྲག་པོ། ཆབ་སྲིད་ཀྱི་བརྩེ་སེམས་ཆེན་པོས་བཅོས་སྒྱུར་ཁྲོད་ཟབ་ཞུགས་བྱེད་པ། རྒྱལ་ཡོངས་ཀྱི་སྤྱིའི་བཀོད་སྒྲིག་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་རྒྱུ་དེ་བཅོས་བསྒྱུར་གྱི་ཁྱབ་ཁོངས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་དང་ཐཱན་རྩེར་སོན་གྱི་སྔོན་སྐྱོད་ཚོད་ལྟ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ། ཏང་དང་དཔོན་པོར་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་སོགས་ཀྱི་བཅོས་སྒྱུར་གྱིས་རྒྱལ་ཡོངས་ལ་ཉམས་མྱོང་བསྐྲུན་པར་སྐུལ་འདེད་གཏོང་བ། ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ཐད་ནས་ཡར་ཐོན་གསར་པ་དང་མཆོང་བརྒལ་གསར་པ་མངོན་འགྱུར་བྱེད་པར་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་མཚོ་སྔོན་གྱི་ཁག་ཁུར་མངོན་པ་དང་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། རང་ཞིང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་སྤྱིའི་བླང་བྱ་ནི། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དེ་སྤྱིའི་བྱེད་ཕྱོགས་དང་སྤྱིའི་རྩ་འཛིན། སྤྱིའི་བསྲུང་བྱ་བཅས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་རྒྱུན་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་སྐུལ་མ་གཏོང་བ་བཅས་བྱས་ནས། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་དམ་པོར་འཛིན་པ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བར་རྩེ་གཅིག་ཏུ་གཞོལ་བ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱིས་སྣེ་ཁྲིད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་རྒྱུ་ཁ་ཕྱོགས་སུ་འཛིན་པ་བཅས་བྱས་ཏེ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་འདེགས་སྐྱོར་དུ་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུ་མགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ། ཏང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུ་འགན་སྲུང་དུ་བྱེད་པ་བཅས་བྱས་ཐོག མ་ལག་འདུས་གྲུབ་ལ་སྔར་ལས་མཐོང་ཆེན་དང་གཙོ་གནད་འབུར་ཐོན་ལ་སྔར་ལས་མཐོང་ཆེན། བཅོས་སྒྱུར་གྱི་ཕན་འབྲས་ལ་སྔར་ལས་མཐོང་ཆེན་བཅས་བྱས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པར་བྱེད་པ། མཚོ་སྔོན་གྱི་དོན་དངོས་མཚོན་ཐུབ་པར་བྱེད་པ། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཧུར་ཐག་གིས་སྤེལ་བར་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་རེའི་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བའི་དམིགས་འབེན་གཙོ་བོ་ནི། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ཏེ། ས་གནས་བཅོས་སྐྱོང་གི་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་བྱེད་ནུས་འཛུགས་སྐྱོང་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་ཡིན། 2029ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་སྐབས་སུ། ཞིང་ཆེན་ཏང་ཨུས་བཏོན་པའི་བཅོས་སྒྱུར་གྱི་ལས་འགན་ཡོངས་འགྲུབ་བྱ་དགོས། 2035ལོར་སླེབས་སྐབས། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་རང་ཞིང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་མ་ལག་ལྡན་པའི་བཀོད་སྒྲིག་བྱས་ཏེ་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་གཙོ་བོར་བརྩིས་ནས། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དེ་གཙོ་ཐིག་ཏུ་བྱས་ནས། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཤིང་། ཆ་སྙོམས་འཕེལ་རྒྱས་དང་ཞན་ཆར་ཁ་གསབ་པ་གཉིས་གཅིག་གྱུར་བྱེད་པ་དེ་ཐབས་ལམ་བྱས་ནས། དམངས་ཚིས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ་དེ་རྩ་བ་བྱས་ནས། ཏང་གི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་ལས་འགན་གཙོ་བོ་ཡིན། ངེས་པར་དུ་མཚོ་སྔོན་གྱི་དམིགས་བསལ་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅོས་སྒྱུར་བསམ་བློ་དང་གསར་གཏོད་བསམ་བློར་བརྟེན་ནས་གནས་བཞི་འཛུགས་སྐྲུན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། ཐོན་ལས་ཚུར་སྒྱུར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱིས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་འཛུགས་པ། གཞི་གྲངས་ཅན་གྱིས་ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་སྦྱིན་པའི་རྐྱེན་སྲོལ་འཛུགས་པ་དང་། གྲོང་གསེབ་འཕེལ་རྒྱས་ཀྱིས་རོང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གཅིག་འདོམས་བྱེད་པ། སྒོ་འབྱེད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲོམ་ར་གཙོ་བོ་འཕེལ་རྒྱས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ནོར་ཁྲལ་དངུལ་རྩའི་ལམ་ལུགས་བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་རག་ལས་ཡོད། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་དེ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཕན་ནུས་ཆེ་ཤོས་མངོན་འགྱུར་འབྱུང་བར་དམིགས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་གྱུར་བྱེད་དགོས། རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་ལྡན་པ་དང་འཛམ་གླིང་ཤན་ཤུགས་ཆེ་བའི་རང་བྱུང་སྲུང་སྐྱོབ་ཁུལ་བསྐྲུན་པའི་དཔེ་མཚོན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་ནན་མོ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། སློབ་གསོ་དང་། ཚན་རྩལ། འཇོན་མི་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་རྒྱལ་ཡོངས་ཀྱི་སྤུས་ལེགས་ཐོན་ཁུངས་བེད་སྤྱོད་པ་དང་། གཞི་གཅིག་ཅན་གྱི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། གསར་གཏོད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཐོན་པའི་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་དགོས། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རྩལ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་ནས། འཇོན་མི་འཕེལ་རྒྱས་ཀྱི་ལམ་ལུགས་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། མི་རིགས་མཐུན་སྒྲིལ་ནི་མཚོ་སྔོན་གྱིས་ངེས་པར་དུ་དམ་འཛིན་ལེགས་པོ་བྱེད་དགོས་པའི་སྲོག་རྩ་ལྟ་བུའི་བྱ་བ་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ཇུས་ཆེན་བྱེད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ་དང་་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དེ་གཙོ་ཐིག་ཏུ་བྱས་ནས། ཡོད་པར་བྱེད་པ་གསུམ་དང་ཕན་ཡོད་གཅིག་གི་བླང་བྱ་གཙོ་བོ་དོན་འཁྱོལ་བྱེད་པ་དང་། མི་རིགས་སོ་སོ་མཉམ་དུ་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་པའི་རྐྱེན་སྲོལ་འཐུང་ཚང་དུ་བཏང་སྟེ། བོད་འབྲེལ་ས་ཁུལ་གྱི་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། མཚོ་སྔོན་ནི་ཞིན་ཅང་དང་བོད་འབྲེལ་ས་ཁུལ་གཏན་འཇགས་གཏོང་བའི་འཐབ་ཇུས་ཀྱི་གནས་གཙོ་བོ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུའི་ལས་འགན་གཙོ་བོ་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་བདེ་འཇགས་ཀྱི་འགོག་ར་རྒྱུན་ཆད་མེད་པར་བརྟན་པོར་བསྐྲུན་དགོས། རྒྱལ་ཁབ་བདེ་འཇགས་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཙུགས་ནས། སྤྱི་བའི་བདེ་འཇགས་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་བྱེད་པ་ནི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། གལ་ཆེའི་ཆབ་སྲིད་ལམ་ལུགས་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ། རིམ་པ་སོ་སོའི་དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་པར་གཏོང་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གྲོས་མོལ་དམངས་གཙོའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། གཞི་རིམ་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན་པས། ངེས་པར་དུ་རིག་གནས་ཀྱི་ཡིད་རྟོན་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་སྟེ། རིག་གནས་ལྔ་སྣེ་ཁྲིད་དུ་བྱས་ནས། རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་པ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་ཀྱི་མཁོ་འདོན་རྐྱེན་སྲོལ་ལེགས་སྒྱུར་བྱས་ཏེ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ཟབ་སྒྱུར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། དམངས་འཚོ་ནི་ཆབ་སྲིད་ཆེ་ཤོས་ཡིན་པས། རིགས་སོ་སོའི་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཁོ་ཚོར་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་པ། ཁོ་ཚོའི་ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ངེས་པར་དུ་དམ་འཛིན་བྱས་ཏེ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མས་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོན་པོས་ལས་ཞུགས་ལེགས་པོ་བྱེད་པར་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་སྐོང་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ཡོང་འབབ་བགོ་བཤའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། མི་འབོར་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཏང་གི་མགོ་ཁྲིད་ནི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་རྩ་བའི་འགན་ལེན་ཡིན་པས། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ངེས་པར་དུ་རྒྱུན་འཁྱོངས་དང་། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ལས་བྱེད་པས་དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་མ་གཏོང་བའི་ཁོར་ཡུག་བཟང་པོ་བསྐྲུན་པ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་སྤྱོད་བཟང་ལ་ཁྲིད་སྟོན་བྱེད་པའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་ཤིག་ཆགས་པ་བཅས་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་འཛུགས་སྐྲུན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དེ་མཚོ་སྔོན་ལ་མཚོན་ན། ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ལ་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ཀྱང་ཡིན་ཏེ། གནས་བབ་དང་བསྟུན་ནས་མཚོ་སྔོན་གྱི་ཞན་ཆ་མགྱོགས་མྱུར་ངང་གསབ་པའི་གོ་སྐབས་ཤིག་དང་། གནས་བབ་དང་བསྟུན་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཀྱི་རྗེས་སུ་མགྱོགས་མྱུར་ངང་སྙེག་པའི་གོ་སྐབས་ཤིག་ཡིན། ལོ་རྒྱུས་ཀྱི་འགན་འཁྲི་ང་ཚོའི་ཕྲག་ཏུ་བབས་པ་དང་དུས་རབས་ཀྱི་ལས་འགན་ལྕི་མོ་དེ་ང་ཚོའི་ལག་ཏུ་སྤྲད་ཡོད་པས། དུས་ཚོད་ཀྱིས་ང་ཚོར་སྒུག་མི་སྲིད་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཡང་དག་པའི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་མགོ་ཁྲིད་དེ་བཅོས་སྒྱུར་གྱི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ཏེ། བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ལ་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྒྱུར་གྱི་གཙོ་གནད་དང་དམིགས་བསལ་ཁ་ཕྱོགས་དམ་འཛིན་ལེགས་པོ་བྱེད་པ་དང་། བཅོས་སྒྱུར་ལ་སྐུལ་སྤེལ་གཏོང་བའི་དོན་འཁྱོལ་རྐྱེན་སྲོལ་ལེགས་བཅོས་བྱེད་པ། བཅོས་སྒྱུར་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆགས་པར་བྱེད་དགོས། བཅོས་སྒྱུར་གྱི་ཕན་འབྲས་ལ་མཐོང་ཆེན་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། མ་ལག་ཕྱོགས་བསྡུས་དང་བཅོས་སྒྱུར་ལྟ་ཞིབ། དཔྱད་དཔོག་ནུས་འདྲི། སྐོར་གཟིགས་སྐོར་ཞིབ་བཅས་ལ་ཤུགས་སྣོན་བྱས་ཏེ། གྲུབ་འབྲས་དངོས་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་ཐོག་ནས་བཅོས་སྒྱུར་ལ་ཞིབ་བཤེར་བྱེད་དགོས། ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་དང་། གཞི་རིམ་དང་མང་ཚོགས་ཀྱི་གསར་སྐྲུན་སྙིང་སྟོབས་ལ་བརྩི་འཇོག བཅོས་སྒྱུར་གྱི་ཐུན་མོང་ངོས་འཛིན་མུ་མཐུད་དུ་གཅིག་སྒྲིལ། བཅོས་སྒྱུར་གྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་པ་ཚང་མའི་ཐུན་མོང་གི་འགན་འཁྲི་ཡིན་པས། ང་ཚོས་དེའི་ཆེད་དུ་ཡིད་ཆེས་ཆེར་བསྐྱེད་དང་། དེའི་ཆེད་དུ་འགན་འཁྲི་འཁུར་ཕོད་པ། དེའི་ཆེད་དུ་འབད་འཐབ་ལྷོད་མེད་བཅས་བྱེད་དགོས། ང་ཚོས“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་ཐད་ཞུམ་པ་མེད་པར་སྔོན་ལ་བསྐྱོད་པ་དང་། ཡང་འབད་བསྐྱར་འབད་ཀྱི་སྙིང་རུས་ལ་བརྟེན་ནས་གཅིག་རྗེས་གཉིས་མཐུད་དུ་སྒྲུབ་ཚེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་འཆར་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་ཡིན།
ཚང་འཛོམས་གྲོས་ཚོགས་ལས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཏེ། བདེ་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་སོགས་ཀྱི་བྱ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། དམངས་འཚོའི་འགན་ལེན་སྤྱི་འདོམས་ཀྱིས་དམ་འཛིན་བྱེད་དགོས་པ་དང་། བདེ་འཇགས་བརྟན་བརླིང་གི་ཚད་མཐའ་ནུས་ཤུགས་ཡོད་རྒུས་བརྟན་པོར་སྲུང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་ལ་ཁག་ཐེག་བྱས་ཏེ། ཞོད་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་ཡག་པོར་སྒྲུབ་དགོས་ལ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། གོང་ནས་འོག་བར་གྲལ་བཤེར་བཅོས་སྒྲིག་བྱེད་པ། བྱེ་བྲག་ནས་སྤྱི་ཡོངས་ལ་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། གཞི་རིམ་ལ་བཅོས་སྒྱུར་དོན་འཁྱོལ་དམ་འཛིན་བྱེད་པའི་དུས་ཚོད་ཡོད་དུ་འཇུག་དགོས་ཤིང་། “ལྔ་བཅུ་བཞིའི”དུས་འགོའི་ཇུས་འགོད་ལེགས་སྒྲུབ་བྱེད་པར་སྤྱི་འདོམས་ཡག་པོ་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ལ་ཞིབ་བསྡུར་ཡག་པོ་བྱས་ཏེ། འཆར་འགོད་ཀྱི་འཐབ་ཇུས་རང་བཞིན་དང་། སྔོན་མཐོང་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དངོས་སུ་ཇེ་མཐོར་གཏོང་དགོས་པ་དང་། སྒྲིག་ཁྲིམས་སློབ་གསོར་ཤུགས་བསྣན་ནས་ལས་བྱེད་པའི་འགན་འཁྲི་འཁུར་ལེན་ལ་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས་བཅས་ལ་བརྟེན་ནས་སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཚང་འཛོམས་གྲོས་ཚོགས་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། གསར་གཏོད་གསར་སྤེལ་དང་ཁག་ཁུར་དངོས་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་མཚོ་སྔོན་གྱི་ལག་ལེན་ཧུར་ཐག་གིས་སྤེལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་འབོད་སྐུལ་བཏང་།
ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ་སོ་སོ། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་རང་ཞིང་གི་འཐུས་མི་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注