ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པ་དང་ཐུག་འཕྲད་གནང་བ།

འདི་ནི་ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་སུ་ཕེབས་པའི་ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པ་དང་ཐུག་འཕྲད་གནང་བའི་ཚུལ་རེད།

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པ་དང་ཐུག་འཕྲད་གནང་། 

ཞི་ཅིན་ཕིང་གིས་མུའུ་པེན་པས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་བདེ་བླག་ངང་འཚོགས་པར་བྱས་རྗེས་མི་དམན་པ་བཞག་པར་བསྔགས་བརྗོད་གནང་བ་དང་འབྲེལ། ཐེངས་འདིའི་རྩེ་ཚོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ན་སྨི་པི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་རྩེ་ཚོགས་ཀྱི་གྲུབ་འབྲས་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་ན་སྨི་པི་ཡའི་ཨ་ཧྥེ་རི་ཁ་ལྷོ་མའི་མི་དམངས་རྩ་འཛུགས་ནི་ཡུན་རིང་སྲིད་འཛིན་མཁན་ཡར་ཐོན་གྱི་སྲིད་ཏང་ཞིག་ཡིན་པ་དང། ཨ་ཧྥེ་རི་ཁ་ལྷོ་མའི་མི་དམངས་རྩ་འཛུགས་ཀྱིས“ན་སྨི་པི་ཡའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན”བྱ་རྒྱུ་དེ་ཏང་གི་སྒྲིག་ཡིག་ནང་བྲིས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་ཏང་གཉིས་པོའི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བ་དང་།ཏང་སྐྱོང་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་པ།འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀའི་དེང་རབས་ཅན་གྱི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཞིང་ལས་དང་ནུས་ཁུངས་གཙང་མ། རྨང་གཞིའི་སྒྲིག་བཀོད།ནུས་རྒྱུ་གཏེར་རྫས། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་ལྷང་ངེ་ས་གསར་པ་གཏོད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ན་སྨི་པི་ཡར་སོང་ནས་མ་འཇོག་ལས་གཏོད་བྱ་རྒྱུར་ལྕག་སྐུལ་གཏོང་རྒྱུ་དང་།ན་སྨི་པི་ཡའི་ཕྱོགས་ཀྱིས་མུ་མཐུད་དུ་འབྲེལ་ཡོད་ཀྱི་སྟབས་བདེ་བསྐྲུན་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ན་སྨི་པི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྱུང་འགྱུར་རྩེ་ཚོགས་ཀྱི་ཐུན་མོང་མཐུན་སྦྱོར་རྒྱལ་ཁབ་ཀྱི་བྱ་བའི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་ཕྱོགས་མང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་།གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཤུགས་མུ་མཐུད་དུ་ཇེ་བརྟན་ཇེ་རྒྱས་སུ་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་སྟོབས་ཤུགས་འབུལ་འདོད་ཡོད།

འདི་ནི་ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་སུ་ཕེབས་པའི་ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པ་དང་ཐུག་འཕྲད་གནང་བའི་ཚུལ་རེད།

མུའུ་པིན་པ་ཡིས་བསྟན་དོན། ང་རང་གདན་ཞུ་ལྟར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་ཞུགས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་དང་སྲོལ་རྒྱུན་གྱིས་ཕྱུག་པའི་སྣེ་ལེན་གཟབ་རྒྱས་ལ་རོལ་ཐུབ་པ་བྱུང་བར་སེམས་པ་སྤྲོ་བས་བརྟས་ཡོད། དེ་རིང་སྔ་དྲོའི་གླེང་སྟེགས་རྩེ་ཚོགས་ཐོག་གྲོས་འཆམ་བྱུང་བའི་ཡིག་ཆ་གཉིས་པོ་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སྤུན་ཟླ་ལྟ་བུའི་མཛའ་གྲོགས་ཀྱི་བརྩེ་སེམས་སྲ་བརྟན་དུ་གཏོང་རྒྱུར་ཕན་ཐོགས་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཤིང་། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་གནང་བའི་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་རབ་དང་རིམ་པ་དེས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཀྱི་འབྱུང་འགྱུར་ལེགས་པོ་གཏོད་པར་ཁྲིད་སྟོན་བྱས་ཏེ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཐུབ་ངེས་རེད། ན་སྨི་པི་ཡ་ཕྱོགས་ཀྱིས་ཐེངས་འདིའི་རྩེ་ཚོགས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་ནན་ཏན་བྱས་ཐོག ཀྲུང་གོ་ཕྱོགས་དང་སྤེལ་རེས་དམ་ཟབ་བྱས་ཏེ་ཞིང་ལས་དང་གཏེར་རྫས།རྨང་གཞིའི་སྒྲིག་བཀོད། ནུས་ཁུངས་གཙང་མ། འཇིག་རྟེན་འཕུར་སྐྱོད་དང་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་རྒྱུ་དང་། ཀྲུང་གོས་རང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཏེ། དེ་དག་ནི་འཛམ་གླིང་ཞི་བདེ་དང་དེང་རབས་ཅན་དུ་འགྱུར་བར་ཕན་པ་རེད། 

རྩེ་ཚོགས་ཀྱི་སྐབས་སུ། ཀྲུང་ན་ཕྱོགས་གཉིས་ཀས་ལུག་ཤ་དང་ར་ཤ་ཀྲུང་གོར་འདྲེན་པ་དང་འཕེལ་རྒྱས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད། 

ཝང་དབྱི་ཐུག་འཕྲད་ནང་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号