ཞི་ཅིན་ཕིང་གིས་པོ་ཚི་ཝ་ནའི་ཙུང་ཐུང་མ་ཞི་ཞི་དང་ཐུག་འཕྲད་གནང་བ།

འདི་ནི་ཟླ9པའི་ཚེས5ཉིན་གྱི་ཉིན་གུང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་པོ་ཚི་ཝ་ནའི་ཙུང་ཐུང་མ་ཞི་ཞི་དང་ཐུག་འཕྲད་གནང་བའི་ཚུལ་རེད། 

ཟླ9པའི་ཚེས5ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་པོ་ཚི་ཝ་ནའི་ཙུང་ཐུང་མ་ཞི་ཞི་དང་ཐུག་འཕྲད་གནང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པོ་ཚི་ཝ་ན་རྒྱལ་ཁབ་གཉིས་ཀྱིས་གནའ་ནས་ཕན་ཚུན་ལ་ལྷག་བསམ་ཟོལ་མེད་ཀྱི་མཛའ་བརྩེ་བཅངས་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས་ཡོང་བ་ཡིན། ཉེ་བའི་ལོ་འགར། ཕྱོགས་གཉིས་ཀས་མཐུན་སྒྲིལ་མཉམ་ལས་དེ་སྲིད་ཇུས་ཀྱི་རྨང་རྡོར་བརྩིས་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་དམིགས་སུ་འཛིན་པའི་གོ་གནས་སུ་བཞག་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་ཀྱི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་ཚུན་གྱི་རྒྱལ་ཁའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ། ཕན་ཚུན་ཡིད་ཆེས་དང་ཐུན་མོང་འཕེལ་རྒྱས།དམངས་ཀྱི་འདོད་བློ་གཅིག་མཐུན་བཅས་ཀྱི་རོགས་ཟླའི་འབྲེལ་བ་མཐའ་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་བཟོ་ལས་དང་ཞིང་ལས། གཏེར་རྫས། ནུས་ཁུངས་གཙང་མ། སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་སྒང་ཡིན་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ངེས་པ་དོན་གྱིས་ཕན་པ་ཐོབ་པ་མ་ཟད།རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱུང་སྟེ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་དང་དར་རྒྱས་ཀྱི་ཆེད་དུ་ཆ་རྐྱེན་ནུས་ལྡན་བཏོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤུན་ཟླ་སླར་ཡང་མཉམ་འཛོམས་བྱས་མ་ཐག་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས། འཛམ་གླིང་གི་འཕེལ་རྒྱས་བཅས་སྔར་བས་ཟུང་འབྲེལ་དམ་ཟབ་བྱས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དེས། འཛམ་གླིང་ཡོངས་ཀྱི་ལྷོ་ཕྱོགས་ཀྱིས་འཛམ་གླིང་ཞི་བདེ་དང་བདེ་འཇགས།དར་རྒྱས། ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་བའི་ཐད་དྲང་ནུས་འདོན་སྤེལ་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་པོ་ཚི་ཝ་ནའི་ཕྱོགས་དང་མཉམ་དུ་ཐེངས་འདིའི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།

འདི་ནི་ཟླ9པའི་ཚེས5ཉིན་གྱི་ཉིན་གུང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་པོ་ཚི་ཝ་ནའི་ཙུང་ཐུང་མ་ཞི་ཞི་དང་ཐུག་འཕྲད་གནང་བའི་ཚུལ་རེད།

མ་ཞི་ཞི་ཡིས་བསྟན་དོན། དེ་རིང་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་མཚོན་ན་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད། ད་ཅི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ངོ་མཚར་ཆེ་བའི་གསུང་བཤད་གནང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་དུ་བསྒྱུར་བའི་རོགས་ཟླའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གསར་པ་ཁྱབ་བསྒྲགས་གནང་ཞིང་། དེེའི་ཁྲོད་ཨ་ཧྥེ་རི་ཁར་སྔར་བས་སྒོ་འབྱེད་བྱ་རྒྱུའི་སྲིད་ཇུས་ཀྱང་འདུས་པས། ཨ་ཧྥེ་རི་ཁའི་ཕྱོགས་ལ་དགའ་ཚོར་ཆེན་པོ་སྐྱེས་པའི་ཞོར་དུ་སྐུལ་ལྕག་ཡང་ཆེན་པོ་ཐེབས་ཡོད། པོ་ཚི་ཝ་ནའི་ཕྱོགས་ཀྱིས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་ཐེངས་འདིའི་གླེང་སྟེགས་རྩེ་ཚོགས་ཐོག་བཀོད་པའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཡིད་ཆེས་ཡོད། པོ་ཚི་ཝ་ནའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་རྒྱུ་དང་། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་དགོས་ལ་བྱེད་ཀྱང་ཐུབ་ངེས་ཡིན། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་པོར་པོ་ཚི་ཝ་ནར་རྒྱབ་སྐྱོར་མི་དམན་པ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། པོ་ཚི་ཝ་ནའི་ཕྱོགས་ཀྱིས་སང་ལོ་རྒྱལ་ཁབ་གཉིས་ཀྱི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད། 

ཝང་དབྱི་ཐུག་འཕྲད་ལ་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号