ཞི་ཅིན་ཕིང་གིས་ཐན་ཙན་ལྕགས་ལམ་གྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་བདེན་དཔང་བྱས་པ།

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་ཧྥེ་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་དང་ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མ་གཉིས་དང་མཉམ་དུ《ཐན་ཙན་ལྕགས་ལམ་ཤར་གཏོང་བྱེད་པའི་རྣམ་གྲངས་ཀྱི་བསམ་ཤེས་དྲན་ཐོ》ཞེས་པར་མིང་རྟགས་འགོད་པར་བདེན་དཔང་བྱས།

འདི་ནི་ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་ཧྥེ་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་དང་ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མ་གཉིས་དང་མཉམ་དུ《ཐན་ཙན་ལྕགས་ལམ་ཤར་གཏོང་བྱེད་པའི་རྣམ་གྲངས་ཀྱི་བསམ་ཤེས་དྲན་ཐོ》ཞེས་པར་མིང་རྟགས་འགོད་པར་བདེན་དཔང་བྱེད་པའི་ཚུལ་རེད།

ཐན་ཙན་ལྕགས་ལམ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་རྡོ་རིང་ཡིན། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་སྔོན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མགོ་ཁྲིད་རྒན་རབས་ཚོས་ཐུན་མོང་ཐོག་ཐན་ཙན་ལྕགས་ལམ་བསྐྲུན་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་པ་དང་། ཀྲུང་གོའི་བཟོ་སྐྲུན་ལག་རྩལ་མི་སྣ་ཁྲི5ལྷག་ཙམ་ཨ་ཧྥེ་རི་ཁར་བསྐྱོད་དེ་མུ་མཐའ་མེད་པའི་ཨ་ཧྥེ་རི་ཁའི་རྩྭ་ཐང་དུ་དཀའ་ངལ་མ་ལུས་ཁྱད་དུ་བསད་དེ་ཨ་ཧྥེ་རི་ཁའི་གྲོགས་པོ་རྣམས་དང་མཉམ་དུ་ཐན་ཙན་ལྕགས་ལམ་བསྐྲུན་པ་དང་ཀྲུང་གོའི་ཕྱོགས་ཀྱི་མི་སྣ60ལྷག་ཙམ་གྱིས་གནས་དེ་རུ་རང་གི་ཚེ་སྲོག་བློས་བཏང་ཡོད། 

2013ལོའི་ཟླ3པར། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་རྗེས་གླིང་ཆེན་ཨ་ཧྥེ་རི་ཁར་ཐེངས་དང་པོར་འཚམས་འདྲིར་ཕེབས། ཐན་ཙན་ནི་ཡར་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་དུ་ཐན་ཙན་ནི་ཡར་རོགས་སྐྱོར་གནང་བའི་ཀྲུང་གོའི་ཆེད་མཁས་པའི་སྤྱི་པའི་བང་སོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་བྱ་གཞག་གི་ཆེད་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཞུས། 

ཐེངས་དེའི་འཚམས་འདྲི་ཁྲོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོས་ཐན་ཙན་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྩ་ཆེའི་རྒྱུ་ནོར་དེར་གཅེས་སྤྲས་དང་གཅེས་སྐྱོང་ཞིབ་ཚགས་བྱས་ཏེ། སྔ་འཛིན་ཕྱི་གཏོད་དང་དུས་བསྟུན་མདུན་སྐྱོད་སྒོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་སྔར་ལས་ཇེ་བརྟན་ཇེ་རྒྱས་སུ་གཏོང་དགོས་ཞེས་གསུངས།

 འདི་ནི་ཙན་པི་ཡའི་ལུའུ་ཞི་ཝ་མཚེའུ་ནུབ་མའི་འགྲམ་གྱི་ལོ་ཆུང་བྱིས་པ་ཚོས་ཐན་ཙན་ལྕགས་ལམ་གྱི་མེ་འཁོར་ཁོ་ཚོའི་ཕ་ཡུལ་དུ་ཤར་གཏོང་བྱས་པར་དགའ་བསུ་ཞུ་བའི་ཚུལ་རེད།(1976ལོའི་པར)

ཐན་ཙན་ལྕགས་ལམ་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གསར་གཏོད་བྱས་ཏེ། དུས་རབས་ཕྱེད་ཙམ་གྱི་རིང་ལ་རིམ་རྩིས་བྱས་ན་དངོས་ཟོག་ཏུན་ཁྲི3000ལྷག་ཙམ་དང་འགྲུལ་པ་མི་ཐེངས་ཁྲི4000ལྷག་ཙམ་སྐྱེལ་འདྲེན་བྱས་པས།ཐན་ཙན་ནི་ཡ་དང་ཙན་པི་ཡ།མཐའ་འཁོར་ས་ཁུལ་བཅས་ཀྱི་དཔལ་འབྱོར་འཁོར་སྐྱོད་འགན་ལེན་བྱེད་པའི“འཕར་རྩ”ཞིག་ཏུ་གྱུར་ཡོད། 

དུས་རབས་གསར་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མགོ་ཁྲིད་པའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཤིང་། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མཛེས་སྡུག་གི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མགོ་ཁྲིད་པ་སླར་ཡང་པེ་ཅིན་དུ་འཛོམས་ཏེ། འགྱུར་ལྡོག་རབ་དང་རིམ་པ་བརྒྱུད་མྱོང་བའི“མཛའ་གྲོགས་ཀྱི་ལམ་བུ”དེ་སྤོབས་པ་ཆེན་པོས་སླར་ཡང“ལང་ཚོའི་ལམ་བུའི”ཐོག་བསྐྱོད་པ་རེད། 

ཀྲུའུ་ཞི་ཞི་ཅིན་ཕིང་གིས2022ལོར་ཙུང་ཐུང་ཧ་སང་དང་གྲོས་མོལ་གནང་སྐབས། “སྐབས་དེར་ཀྲུང་གོ་རང་ཉིད་ཀྱང་ཧ་ཅང་དབུལ་ཕོངས་ཡིན་པའི་སྐབས་སུ། ང་ཚོས་དཀའ་བ་མཐའ་དག་ཁྱད་དུ་བསད་དེ་ཧྥེ་གླིང་གི་སྤུན་ཟླ་རྣམས་ལ་ཐན་ཙན་ལྕགས་ལམ་བསྐྲུན་རོགས་བྱས་པ་རེད། ད་ལྟ་ང་ཚོ་འཕེལ་རྒྱས་སུ་ཕྱིན་པས། སྔར་བས་ཀྱང་བརྩེ་བ་ལྷད་མེད་ཀྱི་འདུ་ཤེས་བཅངས་ནས། ཧྥེ་གླིང་གི་གྲོགས་པོ་རྣམས་དང་མཉམ་དུ་འཕེལ་རྒྱས་མངོན་འགྱུར་འབྱུང་རོགས་བྱས་ཏེ། དུས་རབས་གསར་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས”ཞེས་གསུང་མྱོང་ཞིང་། དེ་ནི་ལོ་རྒྱུས་ལ་གུས་འདུད་ཞུས་པ་ཡིན་ལ། དེ་བས་ཀྱང་འབྱུང་འགྱུར་ལ་བློ་བརྟན་འགྱུར་མེད་ཀྱི་གསལ་བསྒྲགས་བྱས་པའང་ཡིན། 

ཚེས4ཉིན་གྱི་སྔ་དྲོ་རྒྱལ་ཁབ་གསུམ་གྱི་གཙོ་བདག་ཐུན་མོང་ཐོག་འབྲེལ་ཡོད་ཡིག་ཆར་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པའི་སྔ་རྗེས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཧ་སང་དང་ཙུང་ཐུང་ཞི་ཆི་ལའེ་མ་དང་ཐུག་འཕྲད་གནང་བ་རེད། ཐུག་འཕྲད་གནང་རིང་མགོ་ཁྲིད་པ་གསུམ་པོས“ཐན་ཙན་ལྕགས་ལམ”སྐོར་གླེང་མོལ་བྱས་ཏེ། ཕྱོགས་སོ་སོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱེད་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་འདོད་པའི་ལྷག་བསམ་ཟོལ་མེད་ཀྱི་བསམ་འདུན་མཚོན་པ་རེད། 

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཐེངས་འདིའི་རྩེ་ཚོགས་གོ་སྐབས་སུ་བྱས་ཏེ། ཐན་ཙན་ལྕགས་ལམ་ཤར་གཏོང་ཐུབ་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཨ་ཧྥེ་རི་ཁ་ཤར་མའི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་ཐད་ནས་མཉམ་ལས་དང་འཐུས་ཚང་དུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 

“ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱ་རྒྱུའི་གྲོས་མགོར་ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན།” དང་། “ད་ཅི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཐན་ཙན་ལྕགས་ལམ་སླར་ཡང་ཤར་གཏོང་བྱེད་པར་བདེན་དཔང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒན་རབས་ཚོས་བཙུགས་པའི་མཛའ་བརྩེའི་རྒྱུན་བསྐྱངས་ནས། ཧྥེ་ཀྲུང་ཕན་ཚུན་མཐུད་འབྲེལ་དང་ཤར་གཏོང་ཐུབ་པའི་བགྲོད་ལམ་གཏོད་པར་ཧ་ཅང་དགའ་ཡོད”ཅེས་ཙུང་ཐུང་ཧ་སང་དང་ཙུང་ཐུང་ཞི་ཆི་ལའེ་མ་གཉིས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱེད་འདོད་པའི་བསམ་ཚུལ་མཚོན། 

ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་རྒྱ་མཚོ་ཆེན་པོས་བཅད་དེ་བར་ཐག་ཧ་ཅང་རིང་ནའང་།ཕན་ཚུན་གྱི་སེམས་ནི་གཅིག་ཏུ་འབྲེལ་ཡོད་དེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས2013ལོར་ཨ་ཧྥེ་རི་ཁར་འཚམས་འདྲི་གནང་སྐབས། “ང་ཚོའི་འབྲེལ་བ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་དང་ཁེ་ཕན་གྱི་འབྲེལ་ཐག་ཟབ་མོ་དེ་ཡིན་པ་མ་ཟད།ད་དུང་ང་ཚོ་སོ་སོའི་ཕུགས་འདུན་ཡང་མངོན་ཡོད”ཅེས་གསུངས་པ་ནང་བཞིན་རེད། 

ཕུགས་འདུན་དེས་མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱེད་པའི་རེ་སྙེག་མཚོན་པ་དང་།ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདོད་བློའང་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ལོ་ཟླའི་ཉམས་སད་བརྒྱུད་དེ། མཛའ་གྲོགས་དང་ཕུགས་འདུན་ཟུང་དུ་འབྲེལ་བའི་ཐན་ཙན་ལྕགས་ལམ་ལ་དུས་རབས་གསར་པའི་རླབས་རྒྱུན་ཆེན་པོའི་ཁྲོད་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号