ཀྲུང་གུང་འཐུས་མི་ཚོགས་པ་ལུའུ་སིན་པའོ་རུ་འཚམས་འདྲི་གནང་བ།

ཟླ9པའི་ཚེས2ཉིན་ནས་ཚེས4ཉིན་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་སམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅུས་ཀྲའོ་ཧུའེ་ཡིས་ཀྲུང་གུང་འཐུས་མི་ཚོགས་པ་ཁྲིད་དེ་ལུའུ་སིན་པའོ་རུ་འཚམས་འདྲི་གནང་། འཚམས་འདྲིའི་སྐབས་ལུའུ་སིན་པའོ་དབྱི་ཧུའེ་གྲོས་ཚོགས་ཀྱི་མགོ་གཙོ་ཝའེ་སི་ལའེ་དང་སྲིད་ཏང་ཁག་གི་འཐུས་མི། ལུའུ་སིན་པའོ་གྲོང་ཁྱེར་གྱི་འགན་འཁུར་བ་བཅས་དང་བཞུགས་མོལ་སྤེལ་རེས་གནང་ཞིང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་སྒྲོག་གཏིང་ཟབ་གནང་བ་མ་ཟད། ཀྲུང་གོ་དང་ལུའུ་སིན་པའོ་བར་གྱི་འབྲེལ་བ་སོགས་ཀྱི་ཐད་ལ་ལྟ་ཚུལ་བརྗེ་རེས་གནང་། ལུའུ་སིན་པའོ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བྱེད་ཐབས་ལ་ཚད་མཐོའི་གདེང་འཇོག་གནང་སྟེ། ལུའུ་ཀྲུང་བར་ལྗང་མདོག་དངུལ་རྩ་དང་སློབ་གསོ་ཚན་ཞིབ། ཡུལ་སྐོར་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号