ཚལ་རྔ་མཚོ་སྐོར་བའི་མཱ་ལ་སུང་མཐུད་རྐྱལ་འགྲན་སྡུར་སྤེལ་བ།

ཟླ9ཚེས1ཉིན། 2024ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་བརྒལ་བའི་རྩེར་སོན་འགྲན་སློང་སྟེ་ཚལ་རྔ་མཚོ་བསྐོར་བའི་མཱ་ལ་སུང་མཐུད་རྐྱལ་འགྲན་སྡུར་སྐབས་བཅོ་བརྒྱད་པ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་ཚལ་རྔ་མཚོ་རུ་སྤེལ།  འགྲན་སྡུར་གསར་པ་དེས་རྒྱལ་ཁབ་ཕྱི་ནང་གི་རྐྱལ་རྩལ་བ་རྩེ་གྲ100ལྷག་བཀུགས།  

ཐེངས་འདིའི་འགྲན་སྡུར་དེ་ཞིང་ཆེན་ལུས་རྩལ་ཅུས་དང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་ཡིན་ཞིང་། ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་བརྒལ་བའི་འགྲན་སྡུར་སྐབས་བཅོ་བརྒྱད་པའི་མཐའ་མཇུག་འགྲན་ཚིགས་ཀྱི་འགྲན་སྡུར་ཞིག་ཡིན།  སྐབས་སྔོན་མ་དག་དང་མི་འདྲ་ས་ནི། ཐེངས་འདིའི་འགྲན་སྡུར་ནང་ཆུ་ཐོག་ཏུ་ཚལ་རྔ་མཚོར་སྐོར་བའི་མཱ་ལ་སུང་མཐུད་རྐྱལ་འགྲན་སྡུར་དེ་ཡིན་པས།  ལུས་རྩལ་པ་རྣམས་ཀྱི་ཉམས་མྱོང་དང་། འགྲན་སྡུར་གྱི་འགྲན་སློང་རང་བཞིན།  འགྲན་རྩོད་རང་བཞིན།  གཟིགས་མོ་རང་བཞིན།  མྱོང་རོལ་རང་བཞིན་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་ཕྱིན་ཡོད།

འགྲན་སྡུར་གྱིས་ཚལ་རྔ་མཚོ་བསྐོར་པའི་ལེ་དབར10ཅན་གྱི་མཱ་ལ་སུང་མཐུད་རྐྱལ་འགྲན་སྡུར་དང་། སྨི1000ཅན་དང་། སྨི600ཅན་གྱི་རྐྱལ་རྩལ་འགྲན་སྡུར་བཀོད་སྒྲིག་བྱས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号